4554

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་ཆེན་ངག་དབང་ནོར་བུ་ (1)
Part of speech མིང་ཚིག
Definition མདོ་སྨད་ཟུང་ཆུར་འཁྲུངས། འཕོ་བ་གྲོང་འཇུག་པ་ཡིན་པར་གྲགས། དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་ཆོས་གྲྭར་ཞུགས་ཏེ་གཞུང་ཆེན་ཁག་ལ་མཁས་པར་སྦྱངས། འཇིག་རྟེན་ཆོས་བརྒྱད་ཀྱི་སྤྲོས་པ་མཐའ་དག་དོར་ནས་ཐོས་བསམ་སྒོམ་པ་འབའ་ཞིག་གིས་དུས་འདའ་བར་མཛད། འབྲས་སྤུངས་ཀྱི་སྲུང་མ་ལྷ་མོ་དྲག་རྒྱལ་མས་ཆོས་ལ་བསྐུལ་ཞིང་རྗེ་འདིའི་འཕྲིན་ལས་རྒྱ་ཆེན་པོ་སྒྲུབ་པའི་སྲུང་མར་གྲགས། གྲུབ་དབང་ཀློང་རྡོལ་བླ་མ་རིན་པོ་ཆེའི་ཞབས་ལ་གཏུགས་ནས་སློབ་མའི་མཆོག་ཏུ་རྗེས་སུ་བཟུང། རབ་བྱུང་བཅུ་བཞི་བའི་ལྕགས་ཁྱི་ཕྱི་ལོ་༡༨༥༠ལོར་རྒྱལ་དབང་བཅུ་གཅིག་པ་འཕྲིན་ལས་རྒྱ་མཚོའི་མཚན་ཞབས་མཛད། ཤར་རྩེ་ཆོས་རྗེ་ནས་རབ་བྱུང་བཅོ་ལྔ་བའི་མེ་བྱི་ཕྱི་ལོ་༡༨༧༦ལོར་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་ཁྲི་ལོ་ལྔ་བསྐྱངས། ལྕགས་འབྲུག་ལོར་སྐུ་གཤེགས། གསུང་ལས་སྐྱེས་པའི་སློབ་མ་མཁན་ཆེན་བསྟན་པ་ཆོས་འཕེལ་དང། སྟག་བྲག་སྲིད་སྐྱོང་ཡོངས་འཛིན་སོགས་ཤིན་ཏུ་མང།

{{#arraymap:ཁྲི་ཆེན་ངག་དབང་ནོར་བུ་

|; |@@@ | | }}