4572

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་དྲུག་འགྱོགས་ (1)
Part of speech མིང་ཚིག
Definition ཁྲི་དྲུག་འགྱོགས་ནི་དང་པོ་སོ་རིག་མཚོན་བྱེད་ཀྱི་གླང་ཆེན་དང༌། དབང་བཅུ་མཚོན་བྱེད་ཀྱི་རྟ་མཆོག སྨོན་གནས་ཤེས་པའི་རྨ་བྱ། བྱང་ཆུབ་ཕྱོགས་མཚོན་ཤང་ཤང༌། སྟོབས་བཅུ་མཚོན་པའི་གྱད། མི་འཇིགས་བཞི་མཚོན་པའི་སེངྒེ་བཅས་བྱེད་པའི་སྲོལ་གཅིག་དང༌། སེངྒེ་མི་བྱ་བའི་ལུགས་གཅིག་ཀྱང་ཡོད་པ་སྟེ། གང་ཡིན་ཀྱང་སངས་རྒྱས་པའི་ཡོན་ཏན་གྱི་རིགས་མཚོན་བྱེད་དུ་ཡིན་པས་གང་རུང་རུང་ལ་སྦྱར་འོས་པ་མིན་ལ། སྤྱིར་ན་སེངྒེེའི་ཁྲི་ཐུན་མོང་དུ་བྱེད་མོད། འོན་ཀྱང་སེངྒེ་བཞི་དང་ཟུང་བཞི་གང་བྱས་ཀྱང་མི་འཇིགས་པ་བཞི་དང་དབང་ཕྱུག་བརྒྱད་མཚོན་བྱེད་དུ་མདོ་རྒྱུད་གཉིས་ཀ་ནས་གསུངས་ཡོད་ལ། གཞན་ཡང༌། སྟོབས་བཅུ་ལྡན་པ་གླང་བོའི་གདན། །མི་འཇིགས་སེངྒེའི་གདན་དང་ལྡན། །རྫུ་འཕྲུལ་རྐང་པ་རྟ་ཡི་གདན། །དབང་བཅུ་ཐོབ་པ་རྨ་བྱའི་གདན། །ཐོགས་མེད་ཤུགས་ལྡན་མཁའ་ལྡིང་གདན། །འདོད་དགུ་འབྱུང་བ་རིན་ཆེན་གདན། །སྐྱོན་གྱིས་མ་གོས་པདྨའི་གདན། །རང་བཞིན་འོད་གསལ་ཉི་ཟླའི་གདན། །ཞེས་གདན་ཁྲི་དགུ་གསུངས་ཤིང༌། དེ་ཡང་རྒྱན་བཞི་སྟེ། སྟོབས་མཚོན་ཕྱིར་གླང་ཆེན་དང༌། སྙིང་རྗེ་རི་དྭགས་དང༌། ཆོས་མ་འདྲེས་པ་མཚོན་ཕྱིར་ཆུ་སྲིན་དང༌། སྲུང་བ་མ་འདྲེས་མཚོན་ཕྱིར་བྱ་ཁྱུང་རྣམས་བྱེད་ཅིང༌། སྤྱིར་བཏང་དུ་རྒྱན་བརྒྱད་ནི། གླང་བོ་ཆེ་སྟོབས་ཀྱི་རྒྱན། སེངྒེ་མི་འཇིགས་པའི་རྒྱན། རི་དྭགས་ཀྲིཥྞ་ས་ར་སྙིང་རྗེའི་རྒྱན། ཤང་ཤང་དགེ་སྡིག་བྱ་རའི་རྒྱན། བྱ་ངང་པ་བྱམས་པའི་རྒྱན། ཆུ་སྲིན་ཐུགས་རྗེའི་རྒྱན། །ཀླུ་འབྲུག་ཡེ་ཤེས་ཀྱི་རྒྱན། བྱང་ཁྱུང་ནི་བྱིན་རླབས་ལྟ་བུའི་རྒྱན་ནོ། །ཞེས་འབྱུང་བ་ལྟར་རོ། །