4576

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་ཕུན་ཚོགས་ལྡེ་ (1)
Part of speech མིང་ཚིག
Definition རབ་བྱུང་དྲུག་པའི་ས་སྟག་ཕྱི་ལོ་ ༡༣༣༨ ལོར་གུང་ཐང་ཁབ་གོང་དུ་ཡབ་ཁྲི་བཀྲ་ཤིས་ལྡེ་དང་། ཡུམ་བསོད་ནམས་འབུམ་གཉིས་ཀྱི་སྲས་འཁྲུངས། བཤེས་གཉེན་རྣམས་ལ་བསྟེན་ནས་དཔེ་ཡིག་ལུང་གསུམ་ལ་སྦྱངས། ཡབ་ཀྱི་དགོངས་རྫོགས་སུ་རྒྱལ་བའི་སྐུ་བརྙན་མི་ཚད་བསྐྲུན། མང་ཡུལ་གུང་ཐང་གི་ཆབ་སྲིད་བསྐྱངས། ས་སྐྱ་པ་དང་སྐུ་གཉེན་ཡིན་སྟབས་སྲིད་འཕེལ་འདུན་མ་གཅིག་པའི་བཅའ་ཡིག་མནའ་བསྒྲིགས་ཀྱང་མཛད། བྱང་པ་ཏཱ་དབེན་གྱི་སྲས་མོ་ནམ་མཁའ་འབུམ་ཁབ་ཏུ་བཞེས། རིགས་སྲས་ཁྲི་རྒྱལ་བསོད་ནམས་ལྡེ་འཁྲུངས། སོ་གསུམ་པར་རྒྱལ་པོ་དང་། བཙུན་མོའི་བར་ཏཱ་དབེན་གྱིས་ངན་བསྐུལ་བྱས་ཏེ། སོ་གསུམ་པ་རབ་བྱུང་དྲུག་པའི་ལྕགས་ཁྱི་ཕྱི་ལོ་ ༡༣༧༠ ལོར་ཞང་རྟ་ཚག་པ་སྨོན་ལམ་རྒྱལ་མཚན་གྱིས་བཀྲོངས། མང་ཡུལ་གུང་ཐང་གི་རྒྱལ་རབས་བཅུ་བཞི་པ་ཡིན།