4577

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་བཀྲ་ཤིས་བརྩེགས་པ་དཔལ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་པའི་དུས་མགོར་གཙང་གི་གྲོམ་པ་ལྷ་རྩེའི་བྲག་དམར་ཕོ་བྲང་དུ་ཡབ་མངའ་བདག་དཔལ་འཁོར་བཙན་དང་། ཡུམ་མཆིམས་བཟའ་བཙུན་ནེ་གཉིས་ཀྱི་སྲས་སུ་འཁྲུངས། ཡབ་དཔལ་འཁོར་འབངས་གྱེན་ལོག་གིས་བཀྲོངས། མངའ་རིས་ཕལ་ཆེར་ཡུམ་བརྟན་ཕྱོགས་ཀྱིས་འཕྲོགས། ཉང་སྟོད་དུ་ཕེབས་ཏེ་རྒྱལ་མཁར་རྩེར་ཆབ་སྲིད་བསྐྱངས། སྟོད་པ་དང་ཡར་ལུང་ཇོ་བོ་བྱུང༌། བཙུན་མོ་ཅོག་རོ་བཟའ་མགོན་དཔལ་ཁབ་ཏུ་བཞེས། རིགས་སྲས་དཔལ་ལྡེ་དང་། འོད་ལྡེ། སྐྱིད་ལྡེ་བཅས་སྨད་ཀྱི་ལྡེ་གསུམ་འཁྲུངས། ཆུ་འབྲུག་ཕྱི་ལོ་ ༩༩༢ ལོར་སྐུ་གཤེགས། འདས་ལོ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་བསྟན་རྩིས་གསལ་བའི་ཉིན་བྱེད་ལྟར་བཀོད་པ་ཡིན།