45841

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བི་རཱུ་པ་ (1)
Part of speech མིང་ཚིག
Definition རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་ཡ་གྱལ་ཞིག་སྟེ། གྲུབ་ཆེན་བིར་ཝ་བ་ཡང་ཟེར། རིགས་རྒྱལ་རིགས་ཡིན་ཀྱང་རྒྱལ་སྲིད་སྤངས་ནས་དཔལ་ན་ལེནྡྲར་མཁན་པོ་དྷརྨ་མི་ཏྲ་ལས་རབ་ཏུ་བྱུང་། མཚན་ཤྲི་དྷརྨ་པ་ལ་སྟེ་བོད་སྐད་དུ་དཔལ་ལྡན་ཆོས་སྐྱོང་དུ་བཏགས། དེ་ནས་མདོ་སྔགས་ཀྱི་ཆོས་མཐའ་དག་སྦྱངས་ནས་མཁས་པར་གྱུར། ན་ལེནྡྲའི་མཁན་པོ་མཛད། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་དངོས་གྲུབ་ཐོབ་སྟེ་གྲུབ་ཆེན་བི་རཱུ་པ་ཞེས་གྲགས།
Foreign རྒྱ་གར།

{{#arraymap:བི་རཱུ་པ་

|; |@@@ | | }}