From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བིག་བན་ (1)
| Part of speech
|
མིང་ཚིག
|
| Definition
|
བིག་བན་འབྲས་གཅོད་སྐྲན་བཤིག་ལིང་ཐོག་ལེན། །ཞེས་པ་འདི་ཚུར་སྔོན་ཡིན་ཏེ། རང་བྱུང་པས། ཚུར་ནག་རིགས་གསུམ་གང་གིས་ཀྱང༌། །དབྱིག་དུག་སེལ་ཞིང་ཁ་ནད་འཇོམས། །གསུངས་བ་ནི་ཚུར་ཕྱི་མ་འདི་གསུམ་ཡིན། དབྱིག་དུག་སོགས་སེར་ནག་གཉིས་ཁོང་གཏོང་དང་སྔོན་པོ་བྱུགས་པ་ཡིན། ཁ་ནད་ལ་གསུམ། ཁས་མཁུར་བཀང་བྱེད་པའོ། །ཞེས་དང་མིང་གཞན། ནཱི་ལ་ཐོ་ཐ། སག་རྩི། སག་རམ་རྩི། ཚུར་སྔོན་བཅས་ཟེར། འདི་རང་བྱུང་བྲག་ལས་ཆགས་པ་རྒྱ་གར་ནས་ཡོང༌། ཁ་དོག་མཐིང་ག་དང་གཡུ་ཁ་གཉིས་དབྱིབས་དང་དྭངས་ཆ་ཚུར་དཀར་འདྲ། རོ་ཚུར་སྤྱི་དང་འདྲ་ལ་ཟངས་གཡའ་ཅུང་བྲོ་བ་ཡོད། བཟོས་པ་རྒྱ་བོད་གང་ནས་ཀྱང་འབྱུང༌། རང་བྱུང་བཟང༌། བཟོས་པ་དམན། རང་བྱུང་རྟགས་སུ་ཕྱི་ལ་རྡོ་རྩེ་ཅུང་ཟད་ཡོད། བཟོས་པ་གཡུ་ཁ་ཤས་ཆེ་ཕྱེ་མ་དང་རྡར་བྱས་པ་སོགས་ཡོང་ཡང་ཤེལ་ལྟར་དྭངས་བ་མི་ཡོང༌། བཟོས་པ་ཡང་རྒྱ་ཚྭས་བཟོས་པ་རྩུབ། ཞོ་ཟངས་གཉིས་དང་ཚུར་དཀར་གྱིས་བཟོས་པ་འཇམ་མོ། །བིག་བན་ཞེས་པ་ལའང༌། ཁ་ནད་ཤུ་ཐོར་མིག་སོགས་ལ་ཚུར་སྔོན་འདི་ཡིན། གང་ཡང་རླན་ཕབ་ནས་ལྕགས་ལ་དྲུད་ན་ཟངས་མདོག་འབྱིན། ཚད་རླུང་སྐབས་སོགས་ནི་སྒོག་ཐལ་ཡིན།
|
| Domain
|
གསོ་རིག
|
བིག་བན་ (2)
| Part of speech
|
མིང་ཚིག
|
| Definition
|
བྱང་པ་སོགས་སྟོད་སྨན་འགའ་རེས་ཚ་ལ་བསྲེགས་པ་ལ་བྱེད།
|
བིག་བན་ (3)
| Part of speech
|
མིང་ཚིག
|
| Definition
|
རླུང་གི་སྐབས་སྒོག་བསྲེགས་ཐལ་བར་བིག་བན་ཟེར། །
|