46011

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བིདྱཱ་དྷ་ར་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། བིདྱཱ་དྷ་ར་ནི་རིག་འཛིན་ཏེ། ཕྱོགས་བཅུའི་མུན་སེལ་ལས། བིདྱཱ་དྷཱ་ར་ཞེས་པས། བིདྱཱ་ནི་རིག་པ་སྟེ་ཤེས་རབ་དང་ཡེ་ཤེས་དང་སངས་རྒྱས་ཀྱི་གདུང་ངོ་། །དྷ་ར་ནི་འཛིན་ཅིང་འཆང་བ་སྟེ་དོན་ལ་སློབ་པའམ་ལྡན་པ་ཡིན་ནོ། །ཞེས་དང་། ན་རཀ་སྐོང་བཤགས་ལས། རྣམ་སྨིན་ཚེ་དབང་ཕྱག་རྒྱ་ལྷུན་གྱིས་གྲུབ། །ཅེས་པས། རྣམ་པར་སྨིན་པའི་རིག་འཛིན། ཚེ་ལ་དབང་བའི་རིག་འཛིན། ཕྱག་རྒྱ་ཆེན་པོའི་རིག་འཛིན། ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །ཞེས་གསུངས།
Domain ཆོས་ལུགས།