46030
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བི་མ་ལ་མི་ཏྲ་སྟེ་སྔ་འགྱུར་རྙིང་མའི་སློབ་དཔོན་དྲི་མེད་བཤེས་གཉེན་ཡིན་ལ། སློབ་དཔོན་སངས་རྒྱས་གསང་བའི་དངོས་སློབ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བོད་དུ་བྱོན། སྙིང་ཐིག་གི་གདམས་པ་རྒྱལ་པོ་དང་མྱང་ཏིང་འཛིན་བཟང་པོ་གཉིས་ལ་གསུངས་ཞེས་དེབ་སྔོན་ལས་གསུངས། |