46046
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་མང་སྐྱེ་བའི་ཤིང་སྨན་རིགས་ཀྱི་སྐྱེ་དངོས་ཀ་པེད་འབྲས་བུ་ཆུང་བ་མོ་རིགས་ཀྱི་མིང་སྟེ། སྡོང་པོ་ལྗང་ནག་ཆེ་ཞིང་མཁྲེགས་པར་ཡལ་ག་མང་པོ་གྱེས་པ་དང༌། ལོ་མ་ལྗང་ལ་མཐུག་ཅིང་འཇམ་པར་རྩ་རིས་གསལ་ལ་མཐའ་མཉམ་ཞིང་། ངར་པ་ཅུང་ཟད་རིང་བ་གཡས་གཡོན་ལ་རེ་རེ་དང་། དབུས་སུ་གཅིག་བཅས་གསུམ་གྱེས་པ། མེ་ཏོག་དཀར་པོ་མདངས་མི་གསལ་བ་འདབ་མ་ལྔ་དང་ལྡན་པ་དེ་ཡལ་ག་དང་སྡོང་པོའི་བར་མཚམས་ནས་འཆར་བ། འབྲས་བུ་ལྗང་སེར་གྲུ་གུའི་དབྱིབས་འདྲ་ཞིང་འཇམ་ལ་ཧྲིལ་བ་ཆེ་ཆུང་ཁུ་ཚུར་ཙམ་པ། རིམ་བཞིན་སྨིན་ནས་མདོག་ཁམ་སྐྱ་དང༌། སྐོགས་ཤུན་དང་བར་ཆོད་སྲ་མཁྲེགས་ཤིང་གི་རང་བཞིན་དུ་འགྱུར་བ། ནང་དུ་ཚི་གུ་དཀར་པོ་སྤུ་ཆུང་ཅན་དང་མངར་ཁུ་ཡོད་པ་སྟེ། རྒྱ་གར་དང༌། ཨེ་ཤ་ཡ་ལྷོ་མ། ཧིན་དྷུ་ཉི་ཞི་ཡ། ཀྲུང་ནན་གླིང་ཕྲན། ཡུན་ནན་གྱི་ལྷོ་རྒྱུད་སོགས་སུ་འདེབས་འཛུགས་བྱེད་པ། འབྲས་བུ་བོད་ཟླ་བདུན་པ་ཙམ་ལ་བཏུས་ཏེ་གཙང་མ་བཀྲུས་རྗེས་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་སྐྱུར་ལ་བསྐ་བ། ཞུ་རྗེས་སྐྱུར་བ། ནུས་པ་དྲོ་ཞིང་ནད་འདྲེན་སྐྱུགས་བྱེད་པ། རྨ་དང་གློ་ནད་སོགས་སེལ་བ་ཡིན། |