46109
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བུ་ཆེན་ནག་པོ་བཞི་ནི། ལྷ་རྗེ་ཤཱཀྱ་སེངྒེའམ་ཟུར་ཤཱཀྱ་སེངྒེའི་བུ་སློབ་གྲགས་ཆེ་བའི་ཡ་གྱལ་ཏེ། ཁོག་དབུབ་རིན་པོ་ཆེ་འབར་བའི་གུར་ལས། ལྷ་རྗེ་ཤཱཀྱ་སེངྒེས་སྒྲོ་ཕུག་བཟུང་བའི་དུས་སུ་སློབ་མ་མང་དུ་བྱོན་ཀྱང་། དེ་རྣམས་ཀྱི་ནང་ནས་བུ་ཆེན་ནག་པོ་བཞི། སྟོན་པ་བཞི། མེས་བཞི་བྱུང་བ་ལས། ནག་པོ་བཞི་ནི། ཟུར་ནག་འཁོར་ལོ། རྒྱ་ནག་གི་མཁར་བ། ཉང་ནག་མདོ་བོ། མདའ་ནག་གཙུག་ཏོར་དབང་ཕྱུག་གོ །ཞེས་གསུངས། |
| Domain | ལོ་རྒྱུས། |