46115

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བུ་དང་བུ་མོ་སྐྱེ་བར་འགྱུར་བའི་གནས་དྲུག་ (1)
Part of speech མིང་ཚིག
Definition དགེ་སློང་མའི་འདུལ་བ་རྣམ་འབྱེད་ལས་བྱུང་བ་སྟེ། ཕ་མ་གཉིས་ཀྱིས་བུ་རྙེད་པར་འགྱུར་བའི་ལས་དག་བྱས་ཤིང་བསགས་པ་ཡིན་པ། བུས་ཀྱང་ཕ་དང་མ་རྙེད་པར་འགྱུར་བའི་ལས་དག་བྱས་ཤིང་བསགས་པ་ཡིན་པ། མ་རུང་ཞིང་ཟླ་མཚན་དང་ལྡན་པ་ཡིན་པ། ཕ་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་ཡིན་པ། དྲི་ཟ་ཡང་ཉེ་བར་གནས་པ་ཡིན་པ། དྲི་ཟས་ཀྱང་སེམས་གཉིས་པོ་རྗེས་སུ་ཆགས་པ་དང་ལྡན་པའམ། ཁོང་ཁྲོ་བ་དང་ལྡན་པ་གང་ཡང་རུང་བའི་སེམས་རབ་ཏུ་ཐོབ་པའོ། །
Domain ཆོས་ལུགས།