From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཁྲི་རྐང་འཆོས་པའི་ལྟུང་བྱེད་ (1)
| Part of speech
|
མིང་ཚིག
|
| Definition
|
འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཉ་པར་བཞུགས།
|
ཁྲི་རྐང་འཆོས་པའི་ལྟུང་བྱེད་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། འདུལ་བ། གླེང་གཞི་ནི་མཉན་ཡོད་དུ་དྲུག་སྡེས་ཁྲི་རྐང་ཚད་ལས་ལྷག་པར་བྱས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་དོན་དང་བྱ་བ་མང་བ་དང་། དགེ་འདུན་གྱི་ཡོ་བྱད་ཆུད་ཟོས་པར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་དགེ་འདུན་དབང་བའི་ཤིང་གི་ཁྲིའམ་ཁྲིའུ་རྐང་པ་ཚད་ལས་ལྷག་པ་རང་ངམ་བསྐོས་པའི་བཟོ་བྱས་ཏེ་ཟིན་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས། ངོ་བོ་ནི། དགེ་སློང་གིས་ཁྲི་རྐང་ཁྲུ་གང་ལས་ལྷག་པར་བྱས་པའི་བཅས་པའི་ཁ་ན་མ་ཐོ་བའོ། །སོར་གཅིག་གིས་ལྷག་ན་ལྟུང་བ་འདི་འབྱུང་ངོ་། །ཞེས་པཎ་ཆེན་ངག་ཆོས་ཀྱིས་གསུངས་སོ། །
|
| Domain
|
ཆོས་ལུགས།
|