46151
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལྷ་དཔལ་འདྲེ་བདུད་ཀྱི་ནང་གསེས་དཔལ་ཞེས་པ་སྟེ། བརྩི་བྱ་དག་གི་མ་ཀླུང་སྐྱེས་པའི་སྤར་ཁ་སྐྱེས་སྤར་དང་། རང་ཀླུང་སྐྱེས་པའི་སྨེ་བ་སྐྱེས་སྨེ་གཉིས་ཀྱི་ཁམས་རང་ལོའི་སྲོག་ལུས་དབང་ཀླུང་བཞིའི་ཁམས་ཀྱི་བུ་རུ་འགྲོ་བ་ལ་ཟེར་བ་ཡིན། གལ་སྲིད་ལོ་ཁམས་ལྕགས་བྱི་ཡིན་པའི་བརྩི་བྱ་ཞིག་ལ་ཆ་བཞག་ན། སྲོག་ཁམས་ཆུ་ཡིན་པས་སྐྱེས་སྤར་ཟིན་ལྟ་བུ་སྲོག་གི་བུར་འགྲོ་བའི་བུ་ཚ་དཔལ་ཡིན་ན། བརྩི་བྱ་དེ་ཚེ་ཡི་ཉི་མ་སྤྲིན་བྲལ་ཞེས་རང་ལོ་རེ་གཅིག་བར་ལ་འཚོ་བར་བཤད། ལུས་ཁམས་ས་ཡིན་པས་སྐྱེས་སྤར་དྭ་ལྟ་བུ་ལུས་ཀྱི་བུར་འགྲོ་བུ་ཚ་དཔལ་ཡིན་ན། བརྩི་བྱ་དེའི་ལུས་སྐལ་རྒྱས་པས་ཆུང་དུས་གསོ་སླ་ཞིང་ཉམས་ཤེད་བདེ་བར་བཤད། དབང་ཁམས་ལྕགས་ཡིན་པས་སྐྱེས་སྤར་ཁམ་ལྟ་བུ་དབང་ཐང་གི་བུར་འགྲོ་བའི་བུ་ཚ་དཔལ་ཡིན་ན། བརྩི་བྱ་དེའི་དབང་སྐལ་རྒྱས་པར་ཟས་ནོར་གྱི་གཡང་ལོན་ཞིང་བུ་བཟང་པོ་སྐྱེ་བར་བཤད། ཀླུང་ཁམས་ཤིང་ཡིན་པས་སྐྱེས་སྤར་ལི་ལྟ་བུ་ཀླུང་རྟའི་བུར་འགྲོ་བའི་བུ་ཚ་དཔལ་ཡིན་ན། བརྩི་བྱ་དེའི་ཀླུང་སྐལ་རྒྱས་པས་མི་ཁ་བྱམས་ཤིང་དབང་པོ་གསལ་ལ་སྨན་པའི་འགྲོ་དོན་ཕྱོགས་མེད་དུ་བྱེད་པར་བཤད། སྨེ་བའི་ཆ་ནས་བྱི་ཕག་བཞི་ལྗང་ལ་སྐྱེས་པ་ལྟ་བུ་རང་ལོའི་སྲོག་ཁམས་ཀྱི་བུར་འགྲོ་བའི་བུ་ཚ་དཔལ་ཡིན་ན། བརྩི་བྱ་དེའི་སྨེ་སྐལ་རྒྱས་པར་ཡ་བྲལ་དོ་ཆད་མི་འབྱུང་ཞིང་སྐྱིད་ལ་འཕོ་འགྱུར་མེད་པར་ཡུན་དུ་བརྟན་པར་བཤད། |
| Domain | རྩིས་རིག |