4618

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་རྒྱལ་མཚན་སེང་གེ་སྐུ་ཕྲེང་གཉིས་པ་བློ་བཟང་རྒྱལ་མཚན་སེང་གེ་ (1)
Part of speech མིང་ཚིག
Definition ཁོང་ནི། རབ་བྱུང་བཅུ་གསུམ་པའི་མེ་གླང་ཕྱི་ལོ་ ༡༧༥༧ ལོར་མདོ་སྨད་ཁྲོམ་ཐོག་ཏུ་སྐུ་འཁྲུངས། དགུང་ལོ་བདུན་པར་སྟག་ཚང་ལྷ་མོ་དགོན་གྱི་ཁྲིར་ཕེབས། དགུང་གྲངས་ཉེར་གསུམ་ལ་ཞོག་ཁར་པཎ་ཆེན་དཔལ་ལྡན་ཡེ་ཤེས་མདོ་སྨད་དུ་ཕེབས་སྐབས་མཁན་སློབ་སྦྲགས་མས་བསྙེན་པར་རྫོགས། དགུང་གྲངས་ཉེར་དྲུག་ཐོག་དབུས་སུ་ཕེབས་ནས་འབྲས་སྒོ་མང་ཆོས་གྲྭར་ཞུགས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་དང་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་སོགས་ལས་དབང་བཀའ་མང་དུ་གསན་ཏེ་སླར་མདོ་སྨད་དུ་ཕེབས། དགུང་ལོ་ང་བརྒྱད་ནས་གོ་གཅིག་པར་གདན་ས་དགའ་ལྡན་བཤད་སྒྲུབ་གླིང་དང། གཙོས་དགོན་དགའ་ལྡན་ཆོས་གླིང། སོག་ཚང་དགོན་བཀྲ་ཤིས་ཐེག་ཆེན་གླིང། རོང་བོ་བདེ་ཆེན་སོགས་དགོན་སྡེ་མང་པོར་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ། མཛོད་དགེ་དཀར་མོར་མཚན་ཉིད་ཀྱི་དགོན་པ་གསར་བཞེངས་མཛད། སྔགས་ཕྱོགས་ཀྱི་རྒྱུད་གྲྭ་བཙུགས། དགུང་ལོ་གོ་གསུམ་བཞེས་པ་རབ་བྱུང་བཅུ་བཞི་བའི་ས་བྱ་ཕྱི་ལོ་ ༡༨༤༩ ལོར་སྐུ་གཤེགས། གསུམ་རྩོམ་ལ། འཇིགས་བྱེད་དཔའ་བོ་གཅིག་པའི་བསྐྱེད་རྫོགས་ཤིན་ཏུ་ཟབ་པ་དང། ལམ་གཙོ་རྣམ་གསུམ་གྱི་རྣམ་བཤད་སྐལ་བཟང་རེ་སྐང་སོགས་པོད་བརྒྱད་ཙམ་བཞུགས།