4619
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི། རབ་བྱུང་བཅུ་གཅིག་པའི་ས་རྟ་ཕྱི་ལོ་ ༡༦༧༨ ལོར། མདོ་སྨད་ཆོས་འཁོར་ཞེས་པར་སྐུ་འཁྲུངས། དགུང་ལོ་ཉེར་དགུ་བཞེས་པ་མེ་ཕོ་ཁྱིའི་ལོར་དབུས་སུ་ཕེབས་ཏེ་པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་པར་རྫོགས། འབྲས་སྒོ་མང་གི་ཆོས་གྲྭར་ཞུགས་ནས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་སོགས་ཡོངས་འཛིན་དུ་བསྟེན་ནས་བཀའ་པོད་ལྔ་ལ་གསན་བཞེས་མཛད་དེ་མཁས་པའི་ཕུལ་དུ་གྱུར། རྒྱུད་སྟོད་མཁན་པོ་དང་ཤར་བ་ཆོས་རྗེ་ཟུང་འབྲེལ་ལོ་གསུམ་མཛད་དེ་དགུང་ལོ་ང་ལྔ་བ་རབ་བྱུང་བཅུ་གཉིས་པའི་ཆུ་བྱི་ཕྱི་ལོ་ ༡༧༣༢ ལོར་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་ལོ་བརྒྱད་ཙམ་བསྐྱངས། ཆོས་རྒྱལ་རང་བྱོན་གྱི་ལྗགས་ཞིག་གསོ་གནང་ཞིང་སྟོབས་ཆེན་གཤིན་རྗེ་རྒྱལ་བོ་འཁོར་དང་བཅས། །ཞེས་སོགས་གསར་རྩོམ་མཛད་དེ་འཕྲིན་ལས་བཅོལ། ཀོང་པོ་འབྲུ་ལ་དང་བྱ་ཡུལ་མང་རའི་མཁན་ཁྲིར་བཞུགས། དགུང་གྲངས་དོན་གཅིག་བཞེས་པ་རབ་འདོད་ས་འབྲུག་ལོར་མདོ་སྨད་དུ་ཕེབས། དགུང་གྲངས་དོན་ལྔ་བཞེས་པ་རབ་བྱུང་བཅུ་གསུམ་པའི་ཆུ་སྦྲེལ་ལོར་སྟག་ཚང་ལྷ་མོ་དགོན་དགའ་ལྡན་བཤད་སྒྲུབ་གླིང་ཕྱག་འདེབས་མཛད། དགུང་གྲངས་དོན་དགུ་བ་མེ་བྱི་ལོར་སྐུའི་བཀོད་པ་བསྡུས་པའི་ཚུལ་བསྟན། གསུང་རྩོམ་ལམ་རིམ་ཆེན་མོའི་ཁྲིད་ཡིག་དང་གསང་འདུས་རྩ་རྒྱུད་ལེའུ་ལྔ་བ་ཡན་གྱི་རྒྱུད་འགྲེལ་སོགས་ཡོད། |