4620

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་རྒྱལ་འབུམ་ལྡེ་མགོན་ (1)
Part of speech མིང་ཚིག
Definition རབ་བྱུང་བཞི་པའི་ཆུ་གླང་ཕྱི་ལོ་ ༡༢༥༣ ལོར་གུང་ཐང་དུ་ཡབ་བཙུན་པ་ལྡེ་དང་། ཡུམ་ཉི་མ་འབུམ་གཉིས་ཀྱི་སྲས་སུ་འཁྲུངས། དགུ་པར་ཞང་པོ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལས་དབང་ལུང་མན་ངག་མང་དུ་ཞུས། བཅོ་བརྒྱད་པར་མེ་རྡོ་ཐང་དུ་རྒྱལ་པོའི་ཁབ་བཀྲ་ཤིས་ཁྱུང་རྫོང་དཀར་པོ་བཙུན་མོའི་སླས་ཁང་ལྕགས་རི་དང་བཅས་པ། བཀྲ་ཤིས་སྒོ་མང་གི་གཙུག་ལག་ཁང་སོགས་བཞེངས། ལྷག་པར་དུ་བཙན་རྫོང་བཅུ་ཕྲག་ཁ་ཤས་བསྐྲུན། དེ་ཡང་གུང་ཐང་བཙན་པོའི་གདུང་རབས་བྲིས་མ་ལས་གུ་གེ་པུ་རོང་ཁ་གནོན་དུ། དཀར་དུམ་གནམ་གྱི་ཁྱུང་རྫོང་བརྩིགས། ཕྱི་འབྲོག་མེན་ཞང་ཁ་གནོན་དུ། བྱ་རྩི་རྣམ་རྒྱལ་ཐར་པོ་དང་། མཚོ་དབར་ཉེ་བའི་གློ་སྟོད་དུ། ནི་རི་གཡའ་རྫོང་དཀར་པོ་བརྩིགས། གློ་བོ་མཚོ་བཞིའི་ཁ་གནོན་དུ། གཙང་རོང་བྱ་ཕོའི་ཟེར་བ་བརྩིགས། ཏ་མང་སེ་མོན་ཁ་གནོན་དུ། གློ་སྨད་མུ་ཁུན་སྲིན་རྫོང་བརྩིགས། དོལ་པོ་མོན་གྱི་ཁ་གནོན་དུ། དོལ་པོའི་ཡི་གེ་དྲུག་མ་བརྩིགས། ལ་སྟོད་བྱང་གི་ཁ་གནོན་དུ། ལ་རུའི་གད་རྫོང་དཀར་པོ་བརྩིགས། ལ་སྟོད་ལྷོ་ཡི་ཁ་གནོན་དུ། ཁུན་ཚོ་གད་རྫོང་དཀར་པོ་བརྩིགས། སྐྱིད་རོང་སྒོ་བཞི་གནས་འཇིམ་ཁར། རག་མར་གྱད་ནོན་ཐར་པོ་དང་། སྐྱིད་རོང་མཐིལ་དུ་སེང་གེ་རྫོང་། གླང་མཁར་གསལ་བའི་ཡང་རྩེ་བརྩིགས། རྒྱ་བལ་གཉིས་ཀྱི་ཁ་གནོན་དུ། བལ་པོ་རྫོང་གི་དམར་བརྩིགས། སྙི་ཤོང་རོང་གི་ཁ་གནོན་ལ། བོང་ཚེགས་གནམ་གྱི་ཀ་བ་བརྩིགས། ནུབ་རི་མཐའ་འཁོབ་ཁ་གནོན་དུ། དྲོད་ཀྱི་བྲག་རྫོང་ནག་པོ་བརྩིགས། ཕྱག་པ་ཡ་བཞིའི་བཙན་ས་རུ། ཆུ་དཀར་རྫོང་ཆུང་འཛུམ་ཤོར་བརྩིགས། ཞེས་གསུངས། མང་ཡུལ་གུང་ཐང་གི་རྒྱལ་རབས་བྱུང་བའི་ཚུན་ཆབ་སྲིད་དང་མངའ་ཐང་རྒྱས་ཤོས་ཡིན། ཉེར་བརྒྱད་པ་རབ་བྱུང་ལྔ་པའི་ལྕགས་བྲུག་ཕྱི་ལོ་ ༡༢༨༠ ལོར་ནང་འཁོར་ཞིག་གིས་གསོལ་ངན་ཕུལ་ནས་བཀྲོངས།