46245

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བུད་མེད་ཀྱི་སྒྱུ་མ་རྣམ་པ་སུམ་ཅུ་སོ་གཉིས་ (1)
Part of speech མིང་ཚིག
Definition མདོ་རྒྱ་ཆེར་རོལ་པ་ལས་བྱུང་བ་སྟེ། ༡ བུད་མེད་དེ་དག་གི་ནང་ནས་ཁ་ཅིག་ནི་བཞིན་ཕྱེད་འགེབས་པ། ༢ ཁ་ཅིག་ནི་ནུ་མ་མཁྲང་ཞིང་འབུར་བ་སྟོན་པ། ༣ ཁ་ཅིག་ནི་ཅུང་ཟད་འཛུམ་པས་སོའི་ཕྲེང་བ་སྟོན་པ། ༤ ཁ་ཅིག་ནི་ལག་པ་བརྐྱང་སྟེ་བྱ་སྨྱང་བྱེད་ཅིང་མཆན་ཁུང་སྟོན་པ། ༥ ཁ་ཅིག་ནི་བིམྤ་ལྟར་དམར་བའི་མཆུ་སྟོན་པ། ༦ ཁ་ཅིག་ནི་མིག་ཕྱེད་བཙུམ་སྟེ་བྱང་ཆུབ་སེམས་དཔའ་ལ་ལྟ་ཞིང་བལྟས་ནས་མྱུར་བ་མྱུར་བར་འཛུམ་པ། ༧ ཁ་ཅིག་ནི་ནུ་མ་ཕྱེད་གཡོགས་ཏེ་སྟོན་པ། ༨ ཁ་ཅིག་ནི་གོས་སྙིལ་བར་བྱས་ཏེ། གསེར་གྱི་ཕག་སྐ་དང་བཅས་པའི་རྐེད་པ་སྟོན་པ། ༩ ཁ་ཅིག་ནི་གོས་དཱུ་ཀུ་ལ་སྲབ་མོ་གྱོན་ཏེ། གསེར་གྱི་ཕག་སྐ་དང་བཅས་པའི་རྐེད་པ་སྟོན་པ། ༡༠ ཁ་ཅིག་ནི་རྐང་གདུབ་སྒྲ་སིལ་སིལ་འབྱིན་པ། ༡༡ ཁ་ཅིག་ནི་ནུ་མའི་བར་ནས་ཕྲེང་བ་གཅིག་ཉེ་བར་སྟོན་པ། ༡༢ ཁ་ཅིག་ནི་བརླ་ཕྱེད་ཙམ་བརྫེས་པ་ཉེ་བར་སྟོན་པ། ༡༣ ཁ་ཅིག་ནི་མགོ་དང་ཕྲག་པ་དག་ལ་བྱ་འདབ་སྦེད་དང༌། ནེ་ཙོ་དང༌། རི་སྐེགས་འདུག་པར་ཉེ་བར་སྟོན་པ། ༡༤ ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ལ་མིག་ཟུར་གྱིས་ལྟ་བ། ༡༥ ཁ་ཅིག་ནི་གོས་ལེགས་པར་བགོས་ཀྱང་བགོ་མ་ལེགས་པ་ལྟ་བུར་བཅོས་པ། ༡༦ ཁ་ཅིག་ནི་རྐེད་པ་དང༌། གསེར་གྱི་ཕག་སྐ་བསྐྱོད་པ། ༡༧ ཁ་ཅིག་ནི་འཁྲུལ་པ་ལྟར་འཆོས་ཤིང་སྒེག་སྟེ་ཕན་ཚུན་འཆག་པ། ༡༨ ཁ་ཅིག་ནི་གར་བྱེད་པ། ༡༩ ཁ་ཅིག་ནི་གླུ་ལེན་པ། ༡༠ ཁ་ཅིག་ནི་བསྒེགས་ཤིང་ངོ་ཚ་བ་ལྟར་ཡང་འཆོས་པ། ༢༡ ཁ་ཅིག་ནི་ཆུ་ཤིང་རླུང་གིས་བསྐྱོད་པ་ལྟར་བརླ་སྒུལ་བ། ༢༢ ཁ་ཅིག་ནི་བརྗིད་པའི་སྒྲ་འབྱིན་པ། ༢༣ ཁ་ཅིག་ནི་སེང་རས་བགོས་ཏེ་གསེར་གྱི་ཕག་སྐ་དྲིལ་བུ་ཅན་བཅིངས་ནས་དགོད་ཅིང་འཆག་པ། ༢༤ ཁ་ཅིག་ནི་གོས་དང་རྒྱན་རྣམས་ས་ལ་འདོར་ཞིང་ངོ་ཚ་བ་ལྟར་སླར་ཡང་ལེན་པ། ༢༥ ཁ་ཅིག་ནི་གསང་བ་དང༌། གསལ་བའི་རྒྱན་ཐམས་ཅད་ཉེ་བར་སྟོན་པ། ༢༦ ཁ་ཅིག་ནི་ལག་པ་སྤོས་ཀྱིས་བསྐུས་པར་སྟོན་པ། ༢༧ ཁ་ཅིག་ནི་མཁུར་བ་བསྐུས་ཤིང་རྣ་ཆའང་སྟོན་པ། ༢༨ ཁ་ཅིག་ནི་མགོའང་གཡོགས་ཤིང་བཞིན་ཡང་གཡོགས་ལ་སྐད་ཅིག་ཙམ་གྱིས་སྟོན་པ། ༢༩ ཁ་ཅིག་ནི་སྟོན་རྒོད་རྒོད་པ་དང༌། དགའ་དགའ་བ་དང༌། རྩེ་རྩེ་བ་ཕན་ཚུན་དྲན་པར་བྱེད་ཅིང་ཡང་ངོ་ཚ་བ་ལྟར་འདུག་པ། ༣༠ ཁ་ཅིག་ནི་གཞོན་ནུའི་གཟུགས་དང༌། བུ་མ་བཙས་པའི་གཟུགས་དང༌། ན་ཆུང་ཆེད་ལ་བབ་པའི་གཟུགས་སྟོན་པ། ༣༡ ཁ་ཅིག་ནི་འདོད་པ་དང་ལྡན་པས་བྱང་ཆུབ་སེམས་དཔའ་ལ་སྒུགས་པ། ༣༢ ཁ་ཅིག་ནི་བྱང་ཆུབ་སེམས་དཔའ་ལ་མེ་ཏོག་སིལ་མས་འཐོར་བ་དག་བཅས་སོ། །
Domain ཆོས་ལུགས།