46248
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། སྤྱིར་བུད་མེད་ཀྱིས་བསྐྱེེད་པའི་ལྟུང་བ་ལ། མི་ཚངས་པར་སྤྱོད་པ་དང། རེག་པའི་ལྷག་མ་དང། འཁྲིག་ཚིག་སྨྲ་བ་དང། བསྙེན་བཀུར་བསྔགས་པ་དང། དབེན་པ་སྐྱབས་ཡོད་ན་བུད་མེད་དང་ལྷན་ཅིག་འདུག་པ་དང། འགྲེང་བའི་ལྟུང་བྱེད་དང། བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ལ་སོགས་པ་ཉེར་བཞི་ཡོད་པའི་ནང་ནས་འཁྲིེག་ཚིག་སྨྲ་བ་དང། བསྙེན་བཀུར་བསྔགས་པ་གཉིས་ལ་རྫུ་འཕྲུལ་མ་ཐོབ་པའི་བུད་མེད་ཡན་ལག་ཏུ་དགོས་ཏེ། བུད་མེད་རྫུ་འཕྲུལ་གྱི་ཆོས་ཅན་ཏེ་དེའི་ཆོས་དང་ལྡན་པ་ཉིད་མ་ཡིན་པ་ནི་ནང་གི་རེེག་པ་མིི་ཚངས་པར་སྤྱོད་པ་དང། ཕྱིའི་རེག་པ་རེག་པའི་དགེ་འདུན་ལྷག་མ་མ་ཡིན་པ་དེ་ལས་གཞན་པ་འཁྲིེག་ཚིག་སྨྲ་བ་དང། བསྙེན་བཀུར་བསྔགས་པའི་དགེ་འདུན་ལྷག་མ་བསྐྱེད་པའི་ཡན་ལག་ཡིན་ནོ། །ཞེས་པ་ལ། རྫུ་འཕྲུལ་གྱི་ཆོས་ཅན་ཉིད་མ་ཡིན་པ་ནི་ཡན་ལག་ཡིན་ནོ། །ཞེས་པ་འདི་བྱུང། རྫུ་འཕྲུལ་ཐོབ་པའི་བུད་མེད་ནི་བཟུང་བར་མི་ནུས་པའི་ཕྱིར་དང། དེ་ལ་འཁྲིག་པའི་བསམ་པ་ཤས་ཆེན་པོ་མི་སྐྱེ་བས་དེ་ལ་འཁྲིག་ཚིག་སྨྲས་པ་དང། བསྙེན་བཀུར་བསྔགས་ན་ལྟུང་བ་ན་སྨད་པར་འགྱུར་ཏེ། ལུང་འདུལ་བྱེད་ལས་སྦོམ་པོ་བསྐྱེད་པར་བཤད་དོ། །རྫུ་འཕྲུལ་ཐོབ་པས་ཕམ་པ་དང། རེག་པའི་དགེ་འདུན་ལྷག་མ་མི་བསྐྱེད་པ་དམིགས་བསལ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
| Domain | ཆོས་ལུགས། |