46255

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བུད་མེད་གཞན་བྱེད་དུ་འཛུད་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། དགེ་སློང་མ་བཅུ་གཉིས་སྡེ་དེ་དག་གིས་སྨྲས་པ། མར་དང་བག་ཕྱེ་དང་ཏིལ་གྱིས་བསྐུ་བ་ནི་བཅོམ་ལྡན་འདས་ཀྱིས་མ་གནང་བས། ཆུས་དྲག་ཏུ་བསྲུབ་ཅིང་བཀྲུས་ལ་ལུས་འཇམ་ཞིང་དཀར་པར་བྱའོ་ཞེས་ལུས་ལ་ཆུས་བསྲུབ་ཅིང་དྲག་ཏུ་འཁྲུ་བར་བྱེད་པ་ལས་སོ། །དགག་བྱ་ནི་རྒྱགས་པ་འཕེལ་བའོ། །དགེ་སློང་མས་རང་གི་ལུས་ལ་ཆུ་འབའ་ཞིག་གིས་དྲི་མ་བཀྲུ་བཤལ་བུད་མེད་གཞན་བྱེད་དུ་འཇུག་པས་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །རང་གི་ལུས་ལ་ཆུ་འབའ་ཞིག་གིས་དྲི་མ་བཀྲུ་བཤལ་བྱ་བ་བུད་མེད་གཞན་བྱེད་དུ་འཛུད་པ་སྟེ། བྱི་དོར་བྱེད་པ་ལས་གྱུར་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།