46262

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition འདུལ་བ་རྣམ་པར་འབྱེད་པའི་སྡེ་ཚན། འདུལ་བ་ཇ་པར་བཞུགས།
བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་སངས་རྒྱས་མཉན་ཡོད་ན་བཞུགས་ཚེ་མ་འགགས་པ་ལྗོངས་གྱུར་སོང་སྟེ། རི་བྲག་གི་གྲོང་དུ་བུད་མེད་དང་གནས་གཅིག་ཏུ་ཉལ་བ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་བུད་མེད་དང་གནས་གཅིག་ཏུ་གཉིས་ཀ་ཉལ་བའི་སྤྱོད་ལམ་གྱིས་གཉིད་ལོག་ཅིང་མཚན་མོ་འདས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། བུད་མེད་དང་ལྷན་ཅིག་གནས་གཅིག་ཏུ་གཉིད་ལོག་ནའོ། །མཚན་མོའི་མཐར་རོ། །ཞེས་པས་བསྟན། ངོ་བོ་ནི། དགེ་སློང་གིས་མཚམས་ནང་གཅིག་ཏུ་བུད་མེད་དང་ལྷན་ཅིག་གཉིད་ལོག་ཅིང་མཚན་མོའི་མཐའི་སྐད་ཅིག་མ་རྫོགས་པའི་བཅས་པའི་ཁ་ན་མ་ཐོ་བའོ། །མཚན་མོའི་མཐའི་སྐད་ཅིག་གི་སྔ་རོལ་ཙམ་ཡིན་ན་ཉེས་བྱས་སྐྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་རྒྱས་པའི་ཉིན་བྱེད་ལས་གསུངས་སོ། །
Domain ཆོས་ལུགས།