46267

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བུད་མེད་བཟང་རྒྱན་ (1)
Part of speech མིང་ཚིག
Definition གསང་སྔགས་ཀྱི་རྣལ་འབྱོར་མ་ཞིག སྔོན་འདས་པའི་བསྐལ་པ་ཀུན་བཀོད་ཅེས་བྱ་བར། རྣལ་འབྱོར་བདེར་ལྡན་ཤིས་པ་ཞེས་བྱ་བ་ལ་ཞེན་ཆགས་ཅན་གྱི་རྣལ་འབྱོར་པ་འཁོར་དང་བཅས་པ་གསང་སྔགས་ཀྱི་ཚིག་སྒྲའི་རྗེས་སུ་རྒྱ་ཆེར་སྤྱོད་པ་ཞིག་བྱུང་བ་དེའི་འཁོར་དུ་འདུས་པའི་བུད་མེད་བཟང་རྒྱན་མ་འདི་ཉིད་འཚོ་བ་ཚོགས་ཀྱི་ཡོ་བྱད་རྣམས་འཛིན་པར་སྦྱར་ནས་གིང་དུ་བསྐོས་པ་ལས། འབྱོར་པའི་དངོས་པོ་དག་ལ་སེར་སྣས་གསོག་འཇོག་བྱས་པའི་རྣམ་སྨིན་ཡི་དྭགས་ཁྱི་ཡི་ལུས་སུ་སྐྱེ་བ་བླངས་ཏེ་དམན་པའི་ལུས་སུ་གཏན་དུ་འཁྱམས་པར་གྱུར་པའི་སྐོར། མདོ་དགོངས་པ་འདུས་པར་ཚོགས་ཀྱི་ཡོ་བྱད་ལ་གསོག་འཇོག་བྱས་ནས་ལྟུང་བའི་གཏམ་རྒྱུད་དུ་བྱུང་བ་ལྟར་རོ། །