46269
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། འདུལ་བ། དགེ་བསྙེན་མ་དང་དགེ་ཚུལ་མར་སྒྲུབ་པའི་ཆོ་ག་ནི་བསྒྲུབ་བྱ་སྐྱེས་པའི་ཚབ་ཏུ་བུད་མེད་དང་། སྒྲུབ་བྱེད་དགེ་སློང་གི་ཚབ་ཏུ་དགེ་སློང་མ་སྦྱར་བ་མ་གཏོགས་གཞན་དགེ་བསྙེན་དང་དགེ་ཚུལ་སྒྲུབ་པའི་སྐབས་དང་འདྲའོ། །དེ་ནས་བསྙེན་པར་མ་རྫོགས་པའི་ལོ་གཉིས་ཀྱི་གོང་དུ་དགེ་སློབ་མའི་སྡོམ་པ་བླང་དགོས་ལ། དེ་ཡང་ཡུལ་དབུས་སུ་དགེ་སློང་མ་བཅུ་གཉིས་མཐའ་འཁོབ་ཏུ་དྲུག་ཚོགས་ཀྱིས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སྦྱིན་དགོས་སོ། །དེ་ནས་དགེ་སློང་མ་བསྒྲུབ་པ་ལ་ཆོ་ག་ཕལ་ཆེར་ནི་དགེ་སློང་གི་དང་འདྲ་བ་ལ། ཁྱད་པར་ནི་འདིར་སྡེ་གཉིས་ཀའི་དགེ་འདུན་དགོས་པས་ཡུལ་དབུས་སུ་དགེ་སློང་བཅུ། དགེ་སློང་མ་བཅུ་གཉིས་ཏེ་ཉི་ཤུ་གཉིས། མཐའ་འཁོབ་ཏུ་དགེ་སློང་ལྔ། དགེ་སློང་མ་དྲུག་སྟེ་བཅུ་གཅིག་དགོས་ལ། གསང་སྟེ་སྟོན་པའི་འོག་ཏུ་ཚངས་སྤྱོད་ལ་ཉེར་གནས་ཀྱི་སློབ་དཔོན་མས་བསྒྲུབ་བྱ་ལ་བར་ཆད་དྲིས་ཏེ་གསོལ་བ་བཏབ་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་ཚངས་སྤྱོད་ཉེར་གནས་ཀྱི་སྡོམ་པ་སྦྱིན་དགོས་སོ། །ཆོས་གོས་སྦྱིན་པའི་སྐབས་སུ་སྔར་གྱི་གསུམ་པོའི་སྟེང་དུ་རྔུལ་གཟན་དང་། ཤིང་ང་དཔུང་ཆད་གཉིས་ཏེ་ལྔ་དགོས་སོ། །གདམས་ངག་བརྗོད་པའི་སྐབས་སུ་གནས་ཤིང་དྲུང་བ་མི་བརྗོད་པ་དང་། ལྟུང་བར་འགྱུར་བའི་རྗེས་སུ་ལྕི་བའི་ཆོས་བརྒྱད་བརྗོད་དགོས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། ། |
| Domain | ཆོས་ལུགས། |