46270

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བུད་མེད་མཁས་པའི་རང་བཞིན་ཅན་གྱི་ཐུན་མོང་མ་ཡིན་པའི་ཆོས་ལྔ་ (1)
Part of speech མིང་ཚིག
Definition ལས་བརྒྱ་ཐམ་པ་ལས་བྱུང་བ་སྟེ། སྐྱེས་པ་ཆགས་པར་ཡང་ཤེས་ལ་མ་ཆགས་པར་ཡང་ཤེས་པ། དུས་ཀྱང་ཤེས་ལ་ཟླ་མཚན་ཡང་ཤེས་པ། བུ་ཆགས་པ་ཤེས་པ། གང་ལས་བུ་ཆགས་པ་ཤེས་པ། ཁྱེའུ་ཡང་ཤེས་ལ་བུ་མོའང་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་ནི། ལྟོ་གཡས་ལོགས་སུ་རྟེན་ཅིང་གནས་སོ། །གལ་ཏེ་བུ་མོ་ཡིན་ན་ནི། ལྟོ་གཡོན་ལོགས་ན་རྟེན་ཅིང་གནས་སོ། །
Domain ཆོས་ལུགས།