4628

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་ལྡེ་གཙུག་བརྟན་ (1)
Part of speech མིང་ཚིག
Definition ཤིང་འབྲུག་ཕྱི་ལོ་ ༧༠༤ ལོར་ཡབ་འདུས་སྲོང་མང་པོ་རྗེ་དང་ཡུམ་མཆིམས་བཟའ་མེ་ཏོག་གཉིས་ཀྱི་སྲས་སུ་འཁྲུངས། ཆབ་སྲིད་ལོ་ལྔ་བཅུ་ང་གཅིག་གི་བར་དུ་བཟུང་། སྣ་ནམ་བཟའ་མང་མོ་རྗེ་དང་། རྒྱ་བཟའ་གཉིས་བཙུན་མོར་བསུས། སྣ་ནམ་བཟའ་ལ་ལྷ་སྲས་ཁྲི་སྲོང་ལྡེ་བཙན་འཁྲུངས། དབའས་ཁྲི་གཟིགས་ཞང་ཉེན་དང་། དཔའས་ཁྲི་སུམ་རྩང་བཞེར་། འབྲོ་ཆུང་བཟང་འོར་མང་། བློན་སྐྱེས་བཟང་ལྡོང་ཚབ། རྔེགས་མང་ཞམ་སྟག་ཚབ། ཁུ་མང་རྗེ་ལྷ་ཟུང་དང་། དབའས་སྟག་སྒྲ་ཁོང་ལོད། དབའས་སྣང་བཞེར་་སྐུ་བསྩན་སོགས་ཀྱིས་བློན་པོ་བྱས། བཙན་པོའི་དམག་དཔུང་གིས་ཐང་དམག་ལན་མང་ཕམ་པས་ཐང་གི་གོང་མས་བོད་དང་འདུན་མ་བྱས་ཏེ་ཐང་བོད་ཀྱི་ས་མཚམས་ཕྱེ། ཁྲི་ལིན་ལ་དམར་དུ་རྡོ་རིང་བརྩེངས། འདི་བོད་ཀྱི་ལོ་རྒྱུས་སྟེང་གི་རྒྱ་བོད་ས་མཚམས་ཕྱེ་བའི་རྡོ་རིང་དང་པོ་དེ་ཡིན་པར་སྣང་། རྒྱའི་མཁར་མང་པོ་ཕབ་སྟེ་བླ་རུ་དཀོར་ནོར་བརྙེས་ཤིང་། འབངས་མགོ་ནག་ཀུན་ལ་དར་འགྱེད་གནང་། མཐའི་རྒྱལ་ཕྲན་འཇང་དང་བྲུ་ཤ་སོགས་འབངས་སུ་བསྡུས། མདོ་སྔགས་ཀྱི་གསུང་རབ་བསྒྱུར་ཞུས་དང་གཙུག་ལག་ཁང་མང་པོ་བཞེངས། ཤིང་ལུག་ཕྱི་ལོ་༧༥༥ལོར་བློན་འབལ་ལྡོང་ཙབ་དང་ལང་མྱེས་གཟིགས་ཀྱིས་བཀྲོངས། བང་སོ་མུ་ར་རི་ལ་བརྩིགས། མིང་ལ་རི་གཙུག་ནམ་བྱའོ། །
Synonyms ཏུན་ཧོང་ལས། རྒྱལ་གཙུག་རུ། ལྡེའུ་ཆོས་འབྱུང་ལས། ཁྲི་སྡེ་བཙུགས་བཙན། རྒྱ་བོད་ཡིག་ཚང་། ས་ཆེན་རྒྱལ་རབས། ཉང་རལ་ཆོས་འབྱུང་རྣམས་ལས། ཁྲི་ལྡེ་གཙུག་བཙན། ལྷ་བཙན་པོའི་གདུང་རབས། ཡར་ཀླུང་ཆོས་འབྱུང་དང་། སྔོན་གཏམ་མེ་ཏོག་ཕྲེང་བ་ལས། ཁྲི་ལྡེ་གཙུག་བརྟན། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། མེས་ཨག་གཙོམ་ཁྲི་ལྡེ་གཙུག་བརྩན། བཤད་མཛོད་ལས། ཁྲི་སྡེ་གཙུག་རྟན་ཨག་ཙོམ། མཁས་པའི་དགའ་སྟོན་ལས། ཁྲི་སྡེ་གཙུག་བརྟན། ལེགས་བཤད་རིན་པོ་ཆེའི་གཏེར། ཁྲི་རྗེ་གཙུག་བརྟན།

{{#arraymap:ཁྲི་ལྡེ་གཙུག་བརྟན་

|; |@@@ | | }}