46280

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བཅའ་བའི་བླ་མའི་ཆོས་བརྒྱད་ (1)
Part of speech མིང་ཚིག
Definition འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་སྟེ། ༡ དགེ་སློང་རྣམས་ལས་བུད་མེད་རྣམས་ཀྱིས་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་ནས། དགེ་སློང་མའི་དངོས་པོར་འགྱུར་བར་རབ་ཏུ་རྟོགས་པར་བྱའོ། །བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར། བླ་མའི་ཆོས་དང་པོར་བཅས་པ་དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱ་བ། ༢ དགེ་སློང་མ་དག་གིས། དགེ་སློང་མ་རྣམས་ལ་ཟླ་བ་ཕྱེད་ཕྱེད་ཅིང་སྟོན་པའི་ལུང་རྗེས་སུ་བསྟན་པ་བཙལ་བར་བྱའོ། །བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར། བླ་མའི་ཆོས་གཉིས་པ་བཅས་པ་དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱ་བ། ༣ དགེ་སློང་མ་དག་གིས་དགེ་སློང་མེད་པའི་གནས་སུ། དབྱར་ཚུལ་དུ་མི་འཇུག་པ་བྱ་སྟེ། བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར། བླ་མ་ཆོས་གསུམ་པ་བཅས་པ་དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱ་བ། ༤ དགེ་སློང་མ་དབྱར་ཚུལ་ཞུགས་པས། དགེ་འདུན་གཉིས་ཀ་མཐོང་བ་དང༌། ཐོས་པ་དང༌། དོགས་པའི་གནས་གསུམ་དུ་སྐབས་དབྱེ་བྱ་སྟེ། བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར། བླ་མའི་ཆོས་བཞི་པ་བཅས་པ་དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱ་བ། ༥ དགེ་སློང་མས་དགེ་སློང་ཕ་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ། སྤྱོད་པ་ཉམས་པ། འཚོ་བ་ཉམས་པ་ལ་གླེང་བར་མི་བྱ། དྲན་པར་མི་བྱ་སྟེ། དགེ་སློང་མས་དགེ་སློང་ཕ་ལ་ཚུལ་ཁྲིམས་ལས་ཉམས་པ་དང་། ལྟ་བ་ཉམས་པ་དང་། སྤྱོད་པ་ཉམས་པ་དང་། འཚོ་བ་ཉམས་པ་རྣམས་ལ་གླེང་བ་དང་། དྲན་པར་བྱེད་པ་ལ་དགག་པ་མེད་དོ། །བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར། བླ་མའི་ཆོས་ལྔ་པ་བཅས་པ་དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོ་བར་དུ་བསླབ་པར་བྱ་བ། ༦ དགེ་སློང་མས་དགེ་སློང་ཕ་ལ་ཚིག་ངན་མི་སྨྲ། ཁྲོ་བར་མི་བྱ། བསྡིགས་པར་མི་བྱའོ། །དགེ་སློང་མས་དགེ་སློང་ཕ་ལ་ཚིག་ངན་པ་སྨྲ་བ་དང་། ཁྲོ་བ་དང་། བསྡིགས་པ་རྣམས་མི་གནང་སྟེ། བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར། བླ་མའི་ཆོས་དྲུག་པ་བཅས་པ་དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱ་བ། ༧ བླ་མའི་ཆོས་ཉམས་ན། དགེ་སློང་མས་དགེ་འདུན་གཉིས་ཀ་ལ་ཟླ་བ་ཕྱེད་ཀྱི་བར་དུ་མཉེས་པར་བྱ་བ་སྤྱོད་ཅིག ། བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར། བླ་མའི་ཆོས་བདུན་པ་བཅས་པ་དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱ་བ། ༨ དགེ་སློང་མ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པས་ཀྱང་། ད་གཟོད་བསྙེན་པར་རྫོགས་པའི་དགེ་སློང་ལ་ཚིག་སྙན་པ་དང༌། བསྟོད་པ་དང༌། ལྡང་བ་དང༌། ཐལ་མོ་སྦྱར་བ་དང༌། ཕྱག་བྱ་བ་བྱ་སྟེ། བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར། བླ་མའི་ཆོས་བརྒྱད་པ་བཅས་པ་དེ་ལ་བུད་མེད་རྣམས་ཀྱིས་ནམ་འཚོའི་བར་དུ་བསླབ་པར་བྱའོ། །
Domain ཆོས་ལུགས།

{{#arraymap:བུད་མེད་རྣམས་ཀྱི་ཉེས་པ་དགག་ཅིང་མི་འདའ་བར་བྱ་བའི་ཕྱིར་བཅའ་བའི་བླ་མའི་ཆོས་བརྒྱད་

|; |@@@ | | }}