4629
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་ལྔ་པའི་ས་འབྲུག་ཕྱི་ལོ་ ༡༢༦༨ ལོར་གུང་ཐང་ཁབ་གོང་དུ་ཡབ་ཁྲི་རྒྱལ་འབུམ་ལྡེ་མགོན་དང་། ཡུམ་སེ་མ་འབུམ་སྐྱོང་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། གུང་ཐང་གི་རྒྱལ་སྲིད་ཡུན་རིང་ཙམ་བསྐྱངས། ཡབ་ཀྱི་དགོངས་རྫོགས་སུ་རྒྱལ་བའི་སྐུ་བརྙན་དགུང་ལོ་བཅུ་གཉིས་པའི་ཚད་ཅིག་བཞེངས། དུས་མཆོད་ཀྱི་རྒྱུན་ཡང་བཙུགས། བཞི་བཅུ་ཐམ་པ་རབ་བྱུང་ལྔ་པའི་མེ་ལུག་ཕྱི་ལོ ༡༣༠༧ ལོར་ཧོར་གྱི་རྒྱལ་པོའི་བཀའ་ལུང་ལྟར་ཏའི་ཏུར་ཕེབས། ཨོལ་ཇ་དུ་རྒྱལ་པོས་མངའ་རིས་ཚོ་བཅུ་གསུམ་གྱི་མངའ་ཐང་ལ་དབང་བའི་མངའ་བདག་གི་མིང་དང་། ཐམ་ཀ་གླིང་བདུན་མ། ཐམ་གཡོག་ཐམ་ཤུ་བཅས་འཇའ་ས་ཐོ་སྟ་ཆེ་རྟགས་གནང་། གུང་ཐང་བཙན་པོའི་གདུང་རབས་བྲིས་མའི་ནང་དུ་གསལ། བོད་དུ་བདེ་བར་འཁོར། ཚ་བོ་ཆོས་སྐྱོང་ལྡེ་ལ་མང་ཡུལ་གུང་ཐང་གི་ཆབ་སྲིད་བསྐྱངས་སུ་བཅུག འདས་ལོ་མི་གསལ། |