4630

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲི་ལྡེ་ཡུམ་བརྟན་ (1)
Part of speech མིང་ཚིག
Definition ཁོང་ནི་རྒྱལ་པོ་གླང་དར་མ་འུ་དུམ་བཙན་པོའི་བཙུན་མོ་ཆེན་མ་སྣ་ནམ་བཟའི་སྲས་སུ་ཕྱི་ལོ་ ༨༤༣ འཁྲུངས། ཁོང་སྐུ་ན་སོན་རྗེས་དབུ་རུ་བཟུང་ནས་ཆབ་སྲིད་བསྐྱངས་ཏེ་མངའ་ཁོངས་ཇེ་ཆེ་རུ་གཏོང་བའི་ཆེད་དུ་མངའ་བདག་འོད་བསྲུངས་ཀྱིས་བཟུང་བའི་གཡོ་རུ་དང་འཐབ་འཁྲུགས་བསླངས་ཤིང་བོད་ཁམས་སིལ་བུར་འཐོར་བའི་འགོ་ཚུགས། བཙུན་མོ་པ་ཚབ་བཟའ་བཀྲ་ཤིས་འཚོ་ཁབ་ཏུ་བཞེས་ཏེ་རིགས་སྲས་ཁྲི་ལྡེ་མགོན་གཉེན་སྐུ་འཁྲུངས། དགུང་ལོ་ཉི་ཤུ་རྩ་བདུན་པ་ས་གླང་ཕྱི་ལོ་ ༨༦༩ ལོར་འབངས་གྱེན་ལོག་བྱུང་སྟེ་བོད་ཁམས་སིལ་བུར་འཐོར། དགུང་ལོ་སུམ་ཅུ་སོ་དྲུག་པ་བོད་ལུགས་ས་ཕོ་ཁྱི་ལོ་སྟེ་ཕྱི་ལོ་ ༨༧༨ ལ་སྐུ་གཤེགས། ཁོང་གི་གདུང་རྒྱུད་ལས་གྱེས་པའི་ས་གནས་ཀྱི་སྲིད་དབང་ལ་ལྷ་སའི་རྒྱལ་རབས་ཞེས་འབོད་སྲོལ་ཡོད་དོ། །