46355
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་རྒྱུད། བུམ་པའི་མཚོན་དོན་ལ། སྔགས་པས་བསྒྲུབ་བྱ་སྐུ་བཞི་ཡིན་ལ། སྒྲུབ་བྱེད་ཀྱི་ཐབས་བུམ་པ་ལའང་སྐུ་བཞི་ཚང་བ་ཤེས་དགོས་ཏེ། དེའང་ཕྱིའི་རྒྱན་དང་མཚན་མ་སྣ་ཚོགས་སུ་སྣང་ཞིང་ཤར་བས་སྤྲུལ་སྐུ། ནང་གི་བཅུད་ལྔས་ལོངས་སྐུ། ཆུས་ཆོས་སྐུ། རྣམ་རྒྱལ་བུམ་པའི་སྟེང་གི་དུང་ཆོས་ཀྱི་ནང་ནི་ཐུགས་རྡོ་རྗེའི་གཟུགས་བརྙན་རྡོ་རྗེའི་ལྟེ་བར་ཤར་བ་དེས་ངོ་བོ་ཉིད་ཀྱི་སྐུ་མཚོན་པ་ཡིན་ནོ། །རྗེ་བཙུན་གྱི་རྡོ་རྗེ་འབྱུང་བའི་ཊིཀྐར། སྤྱིར་བུམ་པས་ས་བཅུ་གཅིག་པའི་གཉིས་སུ་མེད་པའི་ཡེ་ཤེས་མཚོན། རྩ་བ་མི་ནག་པས་ཡེ་ཤེས་དེ་རང་བཞིན་གྱིས་རྣམ་པར་དག་པའི་སྟེང་གློ་བུར་གྱི་དྲི་མས་མ་གོས་པ་མཚོན། ལྟོ་བ་ལྡིར་ཞིང་ཡངས་ལ་རྒྱ་ཆེ་བས་ཡེ་ཤེས་དེ་ཟབ་ཅིང་རྒྱ་ཆེ་བ་མཚོན། མགྲིན་པ་རིང་བས་ཡེ་ཤེས་དེ་གཏིང་དཔག་དཀའ་བར་མཚོན། རིན་ཆེན་ལྔས་ཡེ་ཤེས་དེས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་སྐོང་བ་མཚོན། སྨན་ལྔས་ཡེ་ཤེས་དེས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་ཞི་བར་བྱེད་པ་མཚོན། འབྲུ་ལྔས་ཡེ་ཤེས་དེས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དགེ་བའི་ལོ་ཐོག་རྒྱས་པར་བྱེད་པ་མཚོན། དྲི་ལྔས་ཡེ་ཤེས་དེས་སེམས་ཅན་ཐམས་ཅད་ཀྱི་འཆལ་བའི་དྲི་མ་སེལ་བ་མཚོན། སྙིང་པོ་ལྔས་ཡེ་ཤེས་དེས་སེམས་ཅན་ཐམས་ཅད་བདེ་བའི་སྙིང་པོ་ཟག་མེད་ཀྱི་བདེ་བ་ལ་འགོད་པ་མཚོན། ཡང་ནང་གི་བཅུད་དེ་དག་ཐམས་ཅད་ཀྱིས་ཀྱང་ཆུ་བྱིན་གྱིས་བརླབ་པའི་རྟེན་འབྲེལ་སྒྲིག་པའོ། །རྒྱུ་དགེ་བ་སྤྱད་པས་འབྲས་བུ་ཐར་བ་ཐོབ་པས་ཁ་བརྒྱན། འགྲོ་བའི་དོན་ལ་ཕྱོགས་པས་མགུལ་འཆིང་། བཟླས་པའི་སྔགས་ཀྱི་ཕྲེང་བས་ཐུགས་སྙིང་པོ་ཡེ་ཤེས་སྐུལ་བ་བྱེད་པས་རྡོ་རྗེ་གཟུངས་ཐག་གོ །ཞེས་བརྒྱུད་པའི་བླ་མ་འགའ་ཞིག་གིས་ཁ་སྐོང་ཅུང་ཟད་དང་བཅས་གཙོ་བོ་ཡོ་ག་ལ་སྦྱར་ནས་གསུངས་སོ་ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་རྡོ་དྲིལ་རྣམ་བཤད་ལས་སོ། ། |
| Domain | ཆོས་ལུགས། |