46362
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅུ་བཞི་པའི་མེ་ལུག་ཕྱི་ལོ ༡༨༤༧ ལོར་སྐུ་འབུམ་མཆོད་གཞིས་ཀླུ་འབུམ་ཚོ་བར་ཡབ་ཝང་ཀུན་ཟིན་བཧུན་ཞོ་དང་། ཡུམ་དཀར་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། འདས་ལོ་མི་གསལ། ཧོར་ལྡིང་སྒོམ་པ་བློ་བཟང་དགེ་ལེགས་རྒྱལ་མཚན་ལས་རབ་ཏུ་བྱུང་། སྐུ་འབུམ་རང་སྒར་དུ་གདན་སར་བཀོད། བཅུ་གཉིས་པར་ཉ་ཀྱཱ་ལྷ་རམས་པ་དགེ་རྒ་དུ་བསྟེན། དཔལ་ལྡན་བཤད་སྒྲུབ་གླིང་གི་ཆོས་སྒོར་ཞུགས། གཞུང་ཆེན་བཀའ་པོད་ལྔ་སློབ་གཉེར་མཛད། ཚོགས་ལངས་ཀྱང་གནང་། བཅུ་དགུ་པར་ཤིང་བཟའ་རྡོ་རྗེ་འཆང་ལས་བསྙེན་པར་རྫོགས། རྒྱུད་པ་གྲྭ་ཚང་དུ་ཞུགས། སྔགས་ལ་སློབ་གཉེར་མཛད། ཉི་ཤུ་པར་རྒྱུད་པའི་བླ་མ་དབུ་མཛད་གནང། ཉེར་གཉིས་པ་རབ་བྱུང་བཅོ་ལྔ་པའི་ས་འབྲུག་ཕྱི་ལོ ༡༨༦༣ ལོར་དུས་འཁོར་དཔོན་སློབ་ཀྱི་ཁྲིར་བཞུགས། ཉེར་དྲུག་པ་རབ་བྱུང་བཅོ་ལྔ་པའི་ཆུ་སྤྲེལ་ཕྱི་ལོ ༡༨༢༧་ལོར་རྒྱུད་པའི་མཁན་ཁྲི་ལ་བཞུགས། འགྲིག་ལམ་དང་། འཆད་ཉན་གྱི་རིམ་པ་རྣམས་ལ་ཡར་རྒྱས་ཡོང་བའི་ཐབས་ཚུལ་ནན་ཏན་དུ་མཛད། ཁྲི་ཟུར་རྗེས་དབུས་གཙང་དུ་ཕེབས། འདས་ལོ་མི་གསལ། སྐུ་འབུམ་དུས་འཁོར་དཔོན་སློབ་ཀྱི་ཁྲི་རབས་ཉེར་གཅིག་པ་དང་། རྒྱུད་པ་མཁན་པོའི་ཁྲི་རབས་ང་དགུ་པ་ཡིན། |
{{#arraymap:བུམ་པར་མཁན་ཆེན་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་
|; |@@@ | | }}