46371

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བུམ་རྫས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། ནང་གི་བཅུད་ནི། ཐོག་མར་ཆུ་ཆེན་ཞེས་བྱ་བ་རྒྱུན་དུ་འགྲོ་བའི་ཆུའམ། ཆུ་ཆུང་ཞེས་བྱ་བ་ལུ་མ་ལྟ་བུའི་གཙང་ཞིང་། སྲོག་ཆགས་མེད་པས་བུམ་པ་སུམ་གཉིས་ཙམ་དགང་ལ། དེར་རྒྱུད་ཀུན་ལས་བུམ་རྫས་ཐུན་མོང་ལྔ་ཚན་ལྔ་བཞུགས་སྟེ། དང་པོ་འབྲུ་སྣ་ལྔ་ནི། ནས་དང་། གྲོ། སྲན་མ། འབྲས་སོ་བ། ཏིལ་དཀར་པོའོ། །གཉིས་པ་རིན་ཆེན་ལྔ་ནི། གསེར་། དངུལ། དུང་། བྱུ་རུ། མུ་ཏིག་གོ ། གསུམ་པ་སྨན་ལྔ་ནི། གྷིཾ་ཏི་ནི་ཚེར་མར་བྱེད་པ་སྟེ། སླེ་བྲེས་སམ། སྟག་ཚེར་མ། ཤུ་ཐག་དཀར་པོ། རྒྱ་མཚོའི་ལྦུ་བ། དབང་པོ་ལག་པ། ཀནྡྷ་ཀ་རིའོ། །བཞི་པ་སྙིང་པོ་ལྔ་ནི། ལཉྪ། བུ་རམ། མར་དཀར། འོ་མ། སྦྲང་རྩི་ལྔའོ། །ལྔ་པ་དྲི་ལྔ་ནི། ཙནྡན་དཀར་དམར་གཉིས། གུར་གུམ་ག་པུར་གཉིས། ཛ་ཏི་བཅས་སོ། །པྲ་ཛྙཱ་རཀྵི་ཏས་གླ་བ་བཤད་ཀྱང་ཀླུ་ལ་གནོད་པས་སྤངས་སོ། །རྣལ་འབྱོར་བླ་མེད་ལ་དེ་དག་གི་སྟེང་དུ་ཤ་ལྔ་བདུད་རྩི་ལྔ་བསྣན་ནས་ལྔ་ཚན་བདུན་དུ་བྱས། བུམ་པ་གཞན་རྣམས་དྲིའི་ཆུས་དགང་བ་ཙམ་གྱིས་ཀྱང་ཆོག་པར་དོན་ཡོད་ཞབས་སོགས་ཀྱིས་བཤད་དོ། །དེ་ཡང་འབྲུ་ལྔ་མ་གཏོགས་གཞན་རྣམས་ནི་རིལ་བུའམ་ཕྱེ་མར་སྦྱར་བས་ཀྱང་རུང་ངོ་། །ཞེས་འཇམ་མགོན་ཨ་མེས་ཞབས་ཀྱི་རྡོ་དྲིལ་རྣམ་བཤད་གསང་སྔགས་འཛིན་པ་ལ་ཉེར་བ་མཁོ་བའི་ལེགས་བཤད་ལས་སོ། །
Domain ཆོས་ལུགས།