46376
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་ཡི་དཔྱིད་ར་སྟག་ཟླར་ཤར་དུ་གནས་པ་ནས་བརྩམས་ཏེ་གཡས་བསྐོར་གྱིས་ཟླ་བ་རེ་ལ་ཕྱོགས་དེར་གནས་པ་སྟེ། དེ་ནི་ཁར་ཐེ་སེ་དང་། མགུལ་དུ་འབྲུག་ལྷ། ནང་དུ་ནང་ལྷ་གྲོལ་བུ། ལྟོ་བར་ས་ཡི་ལྷ་མོ། མཆུར་ཁྱིམ་ལྷ་གེལ་ཐུང་བཅས་ལྷ་ལྔ་གནས་པའི་བུམ་པ་ཞིག་ཏུ་འགྲེལ་ཞིང་། བུམ་པ་དེ་གང་དུ་གནས་པའི་ཕྱོགས་དེར་གནས་ཡུན་དེའི་རིང་ལ་ལས་དང་བྱ་བ་ཕལ་ཆེ་བ་བགྱིད་པར་ངན་པས། བཅོས་སུ་གནས་ཕྱོགས་དེར་འཇམ་དཔལ་གྱི་སྐུ་བསྟན་ཅིང་སྣང་བརྒྱད་འདོན་པའམ། ཡང་ན་འབྲུ་སྨན་རིན་ཆེན་སྣ་ཚོགས་དང་ཆང་གིས་བཀང་བར་བྱས་པའི་བུམ་པ་རྨ་བྱའི་སྒྲོས་བརྒྱན་ནས་གནས་ཕྱོགས་དེར་བཞག་ན་ཉེས་པ་ཐུབ་པར་བཤད། |
| Domain | རྩིས་རིག |