46398

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བུས་པ་ (1)
Part of speech མིང་ཚིག
Definition མེ་སྒྲོན་པའི་དོན་ཏེ།
Example དགུན་གྲང་ངར་ཆེ་སྐབས་མེ་ཧ་ཅང་ཆེན་པོ་བུས་པ་ཡིན་ལྟ་བུ།
བུས་པ་ (2)
Part of speech མིང་ཚིག
Definition གླིང་བུ་སོགས་ལ་ཕུ་བརྒྱབ་སྟེ་སྒྲ་གྲག་ཏུ་བཅུག་པའི་དོན་ཏེ།
Example དུང་བུས་པ་དང་རོལ་མོ་སོགས་དཀྲོལ་བའི་སྒྲ་ཐོས་ཀྱི་འདུག་ལྟ་བུ།
བུས་པ་ (3)
Part of speech མིང་ཚིག
Definition བྱིས་པ་ཆུང་ཆུང༌སྟེ།
Example བུས་པ་ཆུང་ངུའི་དུས་ནས་སྤྱོད་བཟང་གཤིས་འཇམ་ཞིག་ཡིན་ལྟ་བུ།