4647
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཁོང་ནི། བོན་སྦིའི་གདུང་རབས་སུ། རབ་བྱུང་བཅུ་གཉིས་པའི་ཆུ་ཁྱི་ ༡༧༤༢ ལོར་འཁྲུངས། མཁན་ཤཱཀྱ་རིན་ཆེན་རིགས་བདག་ཏུ་བསྙེན་ནས་བསླབ་སྡོམ་སོགས་སྨིན་གྲོལ་གདམས་པའི་ཕ་ཕོགས་བཞེས། ཡོངས་འཛིན་བསྟན་འཛིན་ཆོས་རྒྱལ་དང༌། ཀུན་ཡོན་རྣམ་གཉིས་སོགས་ལས། རིགས་ལམ་དུ་མའི་གསན་བསམ་མཛད། ཉེར་གཉིས་ལ་གསེར་ཁྲི་བཟུང་ནས། ལོ་གསུམ་སྙིང་པོའི་སྒྲུབ་ལ་གཞོལ། དེ་ནས་ཐུགས་རྗེས་གཞན་དོན་མཛད་པའི་སྒོ་འཕར་དབྱེ་སྟེ། དགུང་གྲངས་ཉེར་ལྔ་ལ་ཏ་ལོ་གསང་སྔགས་ཆོས་གླིང་གི་གདན་ས་བཏབ་སྟེ་འགྲོ་དོན་མཛད། སླར་ཡང་སོ་ལྔ་ལ་སྡེ་ཁྲི་བཅོ་བརྒྱད་པའི་ཆབ་སྲིད་ཕྱག་ཏུ་བཞེས་ཏེ། ལུགས་གཉིས་བསྟན་སྲིད་ཆོས་ཀྱིས་བསྐྱངས་སྐབས། ཕ་སྡིངས་རྣམ་གྲོལ་མཁའ་སྤྱོད་གླིང་དང༌། རྟ་མགོ་རྫོང་ཁའི་ཉམས་གསོ་དང༌། དཀར་སྤེ་སོ་རལ་རྫོང་དང༌། དཀར་སྤེ་མཆོད་རྟེན་སྙིང་པོར་མི་འགྱུར་ལྷུན་པོའི་གཙུག་ལག་ཁང་སོགས་རྟེན་གསུམ་ཁྱད་པར་ཅན་མང་དུ་བཞེངས། སྤུངས་རྫོང་མེས་འཇིགས་དང་པོའི་ནང་རྟེན་བཙུགས་པ་དང༌། ཀུན་མཁྱེན་བཀའ་འབུམ་གྱི་སྤར་གཞིའི་བཟོ་གྲྭ་བཙུགས་པ་སོགས་ཆོས་རྒྱལ་བྱང་ཆུབ་སེམས་དཔའི་ཕྱག་རྗེས་མང་དུ་བཞག་སྟེ། སྡེ་ཁྲི་ལོ་ངོ་བཅུ་གསུམ་བསྐྱངས། ཞེ་བདུན་ལ་སྡེ་འགན་བཤོལ་ཏེ། ཙ་རི་སོགས་བོད་ལ་གནས་གཟིགས་ཞབས་སྐོར་ལ་བྱོན། སླར་ཆིབས་བསྒྱུར་བསྐྱོད་པའི་མཐར། ཞེ་བརྒྱད་པ་ས་བྱ་ ༡༧༨༩ ལོར་ཞི་བར་གཤེགས་སོ། ། |