46482

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བེམ་པོ་ (1)
Part of speech མིང་ཚིག
Definition སྲོག་ཆགས་ཤི་བའི་རོའི་མིང་།
Example རི་དྭགས་སེམས་ཅན་གྱི་བེམ་པོ་མང་པོ་ཞིག་ནགས་གསེང་ནས་རྙེད་ལྟ་བུ།
བེམ་པོ་ (2)
Part of speech མིང་ཚིག
Definition ཤེས་ཚོར་མེད་པའི་དངོས་པོའི་མིང་སྟེ།
Example གསེར་དངུལ་རིན་ཐང་ཆེ་ཡང་བེམ་པོའི་ཆོས་ལྟ་བུ།
བེམ་པོ་ (3)
Part of speech མིང་ཚིག
Definition ལྭ་བར་ཚངས་ཅན་གྱི་མིང་།
Example དགུན་རྟ་ཟླའི་ནང་དུ་བེམ་པོ་གྱོན་ཞེས་པ་ལྟ་བུ།
བེམ་པོ་ (4)
Part of speech མིང་ཚིག
Definition མདོ། དངོས་པོ་ལ་ངོ་བོའི་སྒོ་ནས་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། མཚན་ཉིད། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། དང་པོ(་བེམ་པོ)འི་མཚན་ཉིད་རྡུལ་དུ་གྲུབ་པ། བེམ་པོ་ལ་དབྱེ་ན། ཕྱི་དོན་བེམ་པོ་དང༌། ནང་དོན་བེམ་པོ་གཉིས། ཞེས་གསུངས།
Domain ཆོས་ལུགས།