46483
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། ཇོ་ནང། སྟོང་བ་ཉིད་ལ་ལྷ་དང་སྟོང་གཟུགས་ཀྱི་སྣང་བ་དང་བཅས་པའི་མ་ཡིན་དགག་གི་སྟོང་ཉིད་དེ། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱི་གཞི་ལམ་འབྲས་བུའི་ངོ་སྤྲོད་ཡང་དག་དོན་གསལ་ལས། ཀུན་རྫོབ་རྣམ་པར་དཔྱད་ན་མ་གྲུབ་ཙམ་གྱི་སྟོང་བ་ཉིད་འདི་ལ་ནི།།དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པར། བེམ་པོའི་སྟོང་པ་ཉིད་ཅེས་ཀྱང་གསུངས་ཤིང་།དམིགས་བཅས་སྟོང་པ་ཉིད་འདི་ལ་ནི་རྒྱུད་སྡེར་མང་པོར། བེམ་པོ་མིན་ཕྱིར་བདག་ཉིད་རིག།།ཅེས་དང་། སྟོང་བ་ཆེན་པོ་འགྱུར་མེད་ལྔ་དང་། ཐིག་ལེ་སྟོང་བ་འགྱུར་མེད་དྲུག།ཅེས་གསུངས་ལ།ཞེས་བྱུང་། |
| Domain | [ཆོས་ལུགས།, ལྟ་གྲུབ།] |