46569
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་ལོ་ཙཱ་བ་རབ་དགུའི་ནང་གསེས་རྒན་གསུམ་གྱི་ཡ་གྱལ་ཞིག་སྟེ། འདི་ཉིད་ཡབ་སྤ་གོར་ཏེ་འདོད་དང་ཡུམ་སྒྲོན་བཟའ་སྐྱིད་གཉིས་ཀྱི་སྲས་སུ་མེ་ཡོས་ཕྱི་ལོ་ ༧༢༧ ལོར་གཙང་གི་སྙེ་མོ་བྱ་བའི་གནས་སུ་འཁྲུངས། ཆུང་ངུའི་དུས་མཚན་ལ་གན་ཇག་ཐང་ཏ་ཞུ། དགུང་ལོ་བདུན་བར་དུ་དཀར་གསུམ་མངར་གསུམ་ཁོ་ནའི་ཟས་ཀྱིས་གསོས། ཤེས་རབ་འཕེལ་ཐབས་སུ་བློ་འཕེལ་གཟུངས་སྒྲུབ་ཏུ་བཅུག མཁན་པོ་ཞི་བ་འཚོ་དང་སློབ་དཔོན་པདྨའི་དྲུང་དུ་དགུང་ལོ་བཅོ་ལྔའི་བར་སྒྲ་རིག་པ་གསན་པས་མཁས་པར་གྱུར། བསམ་ཡས་སུ་མཁན་པོའི་དྲུང་དུ་བོད་ཀྱི་རབ་བྱུང་ཐོག་མར་སྒྲུབ་མཁན་སད་མི་བདུན་གྱི་ཡ་གྱལ་ཡིན། བཙན་པོས་བཻ་རོ་ཙ་ན་དང་གཙང་ལེགས་གྲུབ་གཉིས་ལ་གསེར་བསྐུར་ནས་བཀའ་རྫོགས་པ་ཆེན་པོ་འཚོལ་དུ་བཏང༌། རྒྱ་གར་དུ་འབྱོར་རྗེས་སློབ་དཔོན་ཤྲི་རི་སིང་ཧ་ལ་གསེར་ཕུལ་ནས་བཀའ་རྫོགས་པ་ཆེན་པོའི་གདམས་ངག་ཞུས། སློབ་དཔོན་གྱིས་འདི་ཉིད་ལ་སྤ་གོར་བཻ་རོ་ཙ་ན་ཞེས་མཚན་བཏགས། གཙང་སྔོན་ལ་ལོག་ཕེབས་པས་གཅན་འཕྲང་པས་བསད། བཻ་རོས་གཅན་འཕྲང་གི་དཔོན་ལ་རྔན་པ་གསེར་ཕྱེ་བྱིན་ནས་ཆོས་ཐམས་ཅད་ཀྱི་རྒྱ་དཔེ་ཏ་ལའི་ལོ་མ་ལ་བྲིས་ནས་ཁུར་ཏེ་ལོག་ཕེབས། འདི་ཉིད་ཀྱིས་ཆོས་འཁོར་ལོན་པའི་ཆེད་དུ་དཀའ་བ་ཚད་མེད་སྤྱད། འོན་ཀྱང་བོད་དུ་འཁོར་རྗེས་བློན་པོ་རྣམས་རྒྱ་གར་གྱི་སྙན་ཕྲའི་དབང་དུ་ཤོར་ནས་རྒྱལ་པོ་ལའང་ཐབས་མེད་པར་བཻ་རོ་ཙ་ན་རྒྱ་མོ་ཚ་བ་རོང་དུ་སྤྱུགས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐུ་གཤེགས་སྐབས་བོན་དང་ཆོས་གང་གིས་འདད་གཏོང་མིན་སྐོར་ལ་རྩོད་པ་བྱུང་བས་བཻ་རོ་ཙ་ནས་གསོལ་བ་བཞིན་མུ་ནེ་བཙན་པོས་ཆོས་ཀྱིས་འདད་བགྱི་བའི་ཞལ་བཞེས། དུས་དེ་ནས་འདད་ཐམས་ཅད་ཆོས་སུ་བྱེད་པ་བྱུང་ངོ༌། །མདོ་སྡེ་ཕལ་པོ་ཆེ་ཞུས་ཆེན་གྱིས་གཏན་ལ་ཕབ་པ་དང་། རིག་པ་དྲུག་ཅུ་པ་མདོར་བཤད་དང༌། སྣང་མཐའི་མཚན་བརྗོད་རྣལ་འབྱོར་མའི་སྒྲུབ་ཐབས་དང་། རྡོ་རྗེ་རྣལ་འབྱོར་མ་དམར་མོའི་སྒྲུབ་ཐབས། རྡོ་རྗེ་རྣལ་འབྱོར་མ་དཀར་མོའི་སྒྲུབ་ཐབས། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྣམ་པར་བཤད་པ། ཕ་རོལ་ཏུ་ཕྱིན་པ་བསྡུས་པ། སོ་སོར་ཐར་བའི་འགྲེལ་བ་འདུལ་བ་བསྡུས་པ། རིགས་པ་གྲུབ་པའི་སྒྲོན་མ། རྩ་རྒྱུད་གསང་བ་སྙིང་པོ། ཀུན་བྱེད་སོགས་རྫོགས་པ་ཆེན་པོ་སེམས་ཀློང་གི་རྒྱུད་མང་པོ་བསྒྱུར་ཞུས་འཆད་ཉན་མཛད། |
| Foreign | རྒྱ་གར། |