46604

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བོ་ (1)
Part of speech ཕྲད་ཚིག
Definition ཚིག་མཐར་སྦྱར་བས། སྐབས་བབ་ཀྱི་བརྗོད་དོན་དེ་ཉིད་རེ་ཞིག་རྫོགས་པར་སྟོན་ནུས་པས་རྫོགས་ཚིག་དང་། རྗོད་བྱེད་ཀྱི་ཚིག་གང་གི་རྗེས་སུ་སླར་ཡོང་རྒྱུའི་ཚིག་གྲོགས་དག་བསྡུས་པས་ན་སླར་བསྡུའང་ཟེར། སྦྱོར་ཚུལ་ནི། རྗེས་འཇུག་བ་ཡིག་གི་མཐར་བོ་སྦྱོར་དགོས།
Keyword True
Example ཁྱབ་བོ། བཀབ་བོ། གདབ་བོ་ལྟ་བུ།
བོ་ (2)
Part of speech ཕྲད་ཚིག
Definition མིང་གི་མཐར་གསར་དུ་སྦྱར་བ་ལས་སྦྱར་བྱའི་མིང་དེ་དག་གི་རང་སྟེང་གི་དོན་དེ་མི་སྟོན་པར། མིང་དེ་ལྡན་གྱི་དངོས་པོའི་བདག་པོའམ། བྱ་བ་བྱེད་མཁན་ནམ། ཆོས་དེ་ལྡན་གྱི་གང་ཟག་ཅིག་སྟོན་བྱེད་དུ་འཇུག་སྟེ། སྦྱོར་ཚུལ་ནི། ཡོངས་གྲགས་དང་བརྗོད་བདེ་བ་གཙོར་བཟུང་གིས་སྐབས་བསྟུན་གྱིས་འཇུག་པ་ཡིན།
Keyword True
Example བཟི་བོ། རྫི་བོ་ལྟ་བུ།
བོ་ (1)
Part of speech གྲོགས་ཚིག
Definition མིང་གང་རུང་གི་མཐར་སྔར་མེད་གསར་སྦྱར་མ་ཡིན་ཞིང་། མིང་གི་ཆ་ཤས་སུ་གྲུབ་པ།
Example ཁྲ་བོ་ལྟ་བུ།