46609
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་དྲུག་པའི་ཤིང་ཡོས་ཕྱི་ལོ་ ༡༣༧༥ ལོར་ལ་སྟོད་ལྷོ་ཤྲཱི་པར་པ་ཏ་དཔལ་གྱི་རིའི་བྱང་ངོས་ཀྱི་འབྲོག་སྡེ་ཞིག་ཏུ་ཡབ་ཞ་མའི་རིགས་ལས་བྱུང་བ་སྟོན་པ་ཆོས་དབྱིངས་རྒྱལ་མཚན་དང་། ཡུམ་བྱང་ཆུབ་སྒྲོན་མ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་ཞང་པོ་ལོ་ཆེན་གྲགས་པ་ལས་རབ་ཏུ་བྱུང་། མཚན་ལ་སངས་རྒྱས་རྒྱལ་མཚན་ཞེས་གསོལ། སླར་བོ་དོང་ལོ་ཆེན་དེ་ཉིད་ལས་དགེ་ཚུལ་བསྒྲུབས། མཚན་ཆོས་ཀྱི་རྒྱལ་མཚན་དུ་བཏགས། བཅུ་དྲུག་པར་དཔལ་ལྡན་ས་སྐྱར་རྣམ་འགྲེལ་གྱི་གྲྭ་སྐོར་མཛད། དཔལ་མོ་ཆོས་སྡིངས་བཏབ། བོ་དོང་ཨེར་དབྱངས་ཅན་མ་བསྒྲུབས་ཤིང་། རྒྱུད་མངས་ཀྱི་སྒྲ་ལས་ཟབ་རྒྱས་ཀྱི་ཆོས་ཚུལ་མནོས། ཕྱི་ནང་གི་མཚན་ཉིད་མ་ལུས་པ་མཁྱེན་པས་དབྱངས་ཅན་དགའ་བའི་དཔལ་ཞེས་གྲགས། ཉེར་གསུམ་པར་རྩེད་ཐང་དང༌། གསང་ཕུར་པོ་ཏི་བཅོ་ལྔའི་གྲྭ་སྐོར་མཛད། མཁས་པའི་གྲགས་པ་རྒྱས། སླར་ཨེ་ཆོས་ཀྱི་འབྱུང་གནས་སུ་ལོ་ཆེན་གྲགས་པས་མཁན་པོ་དང་། རྗེ་བཙུན་རེད་མདའ་བ་ཆེན་པོས་ལས་སློབ་བགྱིས་ཏེ་བསྙེན་པར་རྫོགས། པཎ་ཆེན་འདིས་རྩོད་པས་ཕས་རྒོལ་དྲེགས་པ་གཞོམ། རྩོམ་པས་བཀའ་བསྟན་བཅོས་ཀྱི་དགོངས་པ་བཀྲལ། འཆད་པས་བསྟན་འཛིན་གྱི་བུ་སློབ་བསྐྱངས། གསུང་རྩོམ་པོད་བརྒྱ་ཕྲག་ལྷག་བཞུགས། དོན་བདུན་ཕྱི་ལོ་ ༡༤༥༠ ཐོག་སྐུ་གཤེགས། |