46649
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེར་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་དམར་སྨུག་ཆིག་སྐྱེས་མཐེ་བོང་ཙམ་པའི་རྟིང་པ་ཕྲ་ལ་ཅུང་ཟད་རིང་བ། བསྐམས་ཚེ་གཉེར་མ་ཅུང་ཙམ་ཡོད་པར་མ་ཟད། བཅད་ཁར་འོད་དང་ལྡན་པ་མཁྲེགས་པོ་ཡོད་པ་དང༌། སྡོང་པོ་དེ་ཙམ་མི་ཆེ་བ། ལོ་མ་སྒོར་ཆུང་བོང་དཀར་གྱི་ལོ་མ་འདྲ་བའི་མཐར་ཉག་ཆུང་མང་པོ་ཡོད་ལ་ངར་པ་རིང་བ་རེས་མོས་སུ་སྐྱེ་བ་དང༌། མེ་ཏོག་དམར་སྨུག་རྒྱ་ཚོས་མདོག་དབྱིབས་བོང་དཀར་གྱི་མེ་ཏོག་འདྲ་བ་ཡོད་པ་རྐྱང་པ་འཆར་བ་སྟེ། བོང་དམར་མཆོག་རྒྱ་གར་ནས་བྱུང་བ་དང༌། དམན་པ་བོད་ཀྱི་ཙ་རི་དང༌། མོན་སོགས་སུ་ཤིང་གསེབ་ཏུ་སྐྱེ་བ། རྩ་བ་བོད་ཟླ་བདུན་པ་ཙམ་ལ་བཏུས་ཏེ། གཙང་མ་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བའོ། །ཤའི་དུག་དང་བཙན་དུག་སོགས་དུག་ནད་ཀུན་ལ་བསྔགས་ཤིང༌། དེ་མིན་རིམས་ཚད་ལའང་ཕན་པ་ཡིན། |
| Domain | གསོ་རིག |