46651

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བོང་ང་སེར་པོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བའི་རྡོག་པོ་ཆུང་ཞིང་ཁ་སྤུ་དང༌། དྲེག་པ་ནག་པོ་ཅན་ལ་སྦར་དབྱིབས་ཀྱི་ལོ་མ་སྒོར་མོ་ཉག་ཆེན་མདུན་ལྗང་ནག་འཇམ་ལ་འོད་དང་ལྡན་པ། རྒྱབ་ལྗང་སྐྱ་ཅན་མང་པོ་སྤུངས་ནས་སྐྱེ་བ། ཡལ་ག་མེད་པའི་ངར་པ་ལྗང་དཀར་ཕྲ་ལྡེམ་ལ་རྩེར་མེ་ཏོག་སེར་པོ་མདངས་ཤིན་ཏུ་གསལ་བ་འདབ་མ་ལྔ་པ་ཟེའུ་འབྲུའི་མཐའ་འཁོར་དུ་གེ་སར་དམར་ཞིབ་བྱུ་རུའི་ཕྲེང་བ་འདྲ་བས་བསྐོར་བ་འཆར་ཞིང༌། ཡལ་རྗེས་འབྲས་བུ་དཀར་ཞིབ་ཅན་འདོགས་པ་སྟེ། བོད་ཀྱི་འབྲོག་ཁུལ་སོགས་སུ་ཆུ་རྒྱུད་རླན་གཤེར་ཆེ་བའི་སྤང་ལྗོངས་སུ་སྐྱེ་བ། རྩ་བ་བོད་ཟླ་བདུན་པ་ཙམ་ལ་བཏུས་ཏེ་གཙང་མར་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་དུག་ཚད་སེལ་ཞིང༌། ཁྱད་པར་ཤ་དུག་དང་བཙན་དུག་སེལ་བ་ཡིན།
Domain གསོ་རིག