46706
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྤྲུལ་སྐུ་ནི་རུའི་ཞལ་ནས་གསུངས་པ་སྟེ། ས་ལ་རིན་ཆེན་གསེར་གྱི་ཁྲོན་བརྡོལ་བས། །རྒྱ་གར་མཁས་པ་ཐམས་ཅད་བོད་དུ་བྱོན། །གངས་ཀྱི་ཀློང་ནས་ག་བུར་ཆུ་བརྡོལ་བས། །ཉན་པ་པོ་རྣམས་བློ་རྣོ་དམ་ཆོས་མཁས། །གངས་ཀྱི་འདབ་དམར་སེང་གེ་དཀར་གནས་པས། །གཙོ་བོ་རྣམས་ཀྱང་གྲོས་དང་འདུན་མ་ཆེ། །གངས་རིའི་མཐོངས་ན་གནོད་སྦྱིན་གཉན་ཆགས་པས། །བན་བོན་རྣམས་ནི་མཐུ་དང་རྫུ་འཕྲུལ་ཆེ། །ལྷོ་དང་བྱང་ན་འབྲོང་དང་རྟ་གནས་པས། །ཤར་པོ་རྣམས་ནི་དཔའ་བརྟན་གྱད་དང་འདྲ། །རི་མཐའ་རྣམས་ལ་སྟག་མའི་སྨན་གནས་པས། །བུད་མེད་རྣམས་ནི་དབྱིབས་ལེགས་མཛངས་ཤིང་འཕྲུལ། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པའི་ཕྱིར། །རྒྱལ་ཁམས་གཞན་ལས་བོད་ནི་སྙིང་རྗེ་ཆེ། །ཞེས་སོ། ། |