46708
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ༡ རྒྱལ་ལ་ཤེལ་གྱི་ཁྱུང་དཀར་པོ་ལ་བརྟེན་ནས་བརྟག་བྱའི་རྩིས་འགོ་ལྔ། ༢ བནྡྷེ་སྔགས་པ་ལ་གངས་ཀྱི་སེང་གེ་དཀར་མོའི་སྟེང་ནས་བརྟག་བྱའི་རྩིས་འགོ་ལྔ། ༣ བོན་པོ་རྣམས་ལ་གཡུ་འབྲུག་གི་ཁ་ནས་བརྟག་བྱའི་སྐོར་འགོ་ལྔ། ༤ བློན་པོ་ལ་གླང་པོའི་ཁ་ནས་བརྟག་བྱའི་སྐོར་འགོ་ལྔ། ༥ སྐྱེས་དར་མ་ལ་གདགས་ཀྱི་ཁྱི་དར་མས་བརྟག་བྱའི་སྐོར་འགོ་ལྔ། ༦ བཟའ་མི་བུད་མེད་ལ་སྲིབས་བྱ་དམར་པོའི་སྒོ་ནས་བརྟག་བྱའི་སྐོར་འགོ་ལྔ། ༧ སྐྱེས་པ་གཞོན་ནུ་ལ་རྒྱ་སྟག་དར་མའི་ཁ་ནས་བརྟག་བྱའི་སྐོར་འགོ་ལྔ། ༨ དམན་ཆུང་བུ་མོ་ལ་མཐིང་གི་རྨ་བྱའི་ཁ་ནས་སྐོར་འགོ་ལྔ། ༩ བྱིས་པ་ལ་ཁུ་བྱུག་སྔོན་མོའི་ཁ་ནས་བརྟག་བྱའི་སྐོར་འགོ་ལྔ། ༡༠ ལོངས་སྤྱོད་ལ་ཡིད་བཞིན་ནོར་བུའི་སྒོ་ནས་བརྟག་བྱའི་སྐོར་འགོ་ལྔ། ༡༡ གླིང་བུའི་ཁ་ནས་འོག་རྟ་དང༌། སྒོ་ཁྱི། བྲན་གཡོག་སོགས་ལ་བརྟག་བྱའི་སྐོར་འགོ་ལྔ་རེ་མཆིས་པ་བཅས་སོ། ། |