46748

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བོད་ཡིག་གཟབ་ཆེན་ནམ་དབུ་ཅན་ལ་སྣ་མ་གསར་ལེབ་རིམ་པར་བྱུང་བ་དགུ་ (1)
Part of speech མིང་ཚིག
Definition ཐོག་མར་ཐུ་མི་སཾབྷོ་ཊ་ཉིད་ཀྱི་ཕྱག་བྲིས་སྦལ་ནག་ན་ལ་རྒྱངས་པ་འདྲ་བ། དེའི་རྗེས་སུ་ཕྱི་དར་རིན་ཆེན་འབར་ཞེས་བྱ་བས་སོ་ཕག་གཤིབས་པ་ལྟ་བུ། དེའི་རྗེས་སུ་ཆབ་དཀར་བེའུ་ཚེས་བྱ་ཕོ་འཇོལ་བ་ལྟ་བུ། དེའི་རྗེས་སུ་གཙང་དགེ་བསྙེན་དབང་གིས་ནས་ནག་བཀྲམ་པ་ལྟ་བུ། དེའི་རྗེས་སུ་འབྲེའུ་ཁྲོམ་ཞེས་པས་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ། དེའི་རྗེས་སུ་ཚེ་སྤོང་བྱང་ཆུབ་ཀྱིས་སྦུར་ནག་བགྲད་པ་ལྟ་བུ། དེའི་རྗེས་སུ་ཐེ་ཡོན་ཏན་བྱ་བས་ཉ་ཆུ་ནས་ཕྱུངས་པ་ལྟ་བུ། དེའི་རྗེས་སུ་གྲ་ཤོད་རྣམ་གཉིས་ཞེས་པས་སེང་གེ་གནམ་དུ་མཆོང་བ་ལྟ་བུ་རིམ་པས་བྲིས་པ་སྟེ་དེ་རྣམས་ལ་སྣ་མ་ཟེར། བསྟན་པ་ཕྱི་དར་གྱི་ཐོག་མར་སྒྲོ་ཉ་རི་ཞེས་པ་དང་། མཐོང་བ་རྡོ་རྗེ་དཔོན་སློབ་ཀྱི་རིང་ལ་གསར་ལེབ་གྲུ་བཞི་བྱུང་བ་བཅས་རིམ་པ་དགུ་བྱུང་ངོ་། །
Domain ལོ་རྒྱུས།

{{#arraymap:བོད་ཡིག་གཟབ་ཆེན་ནམ་དབུ་ཅན་ལ་སྣ་མ་གསར་ལེབ་རིམ་པར་བྱུང་བ་དགུ་

|; |@@@ | | }}