From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བོད་ཡིག་གི་གཅེས་པ་བརྒྱད་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་བཟོ་རིག་པ་ལས་བྱུང་བ་སྟེ། སྣག་ལམ་ཟླུམ་ལ་སྒྲོས་ཆགས་གཅེས། ཚིགས་འཁོར་སྐྱེས་ལ་དཔུང་ཐུང་གཅེས། སྔགས་པ་ཅ་ལ་ཟུར་ཐིག་གཅེས། སྟོད་ཕུག་ཅན་ལ་ཕོ་བ་གཅེས། སྨད་ཕུག་ཅན་ལ་ཁོང་འདྲེན་གཅེས། རྐང་པ་རྟར་བཞོན་ཕྱི་འབྲང་གཅེས། ཡར་འཕུལ་མཐར་རྒྱས་སྒྲོས་གནོན་གཅེས། མིག་ཆ་ཅན་ལ་སྐེད་གཙང་གཅེས། །ཅེས་སོ། །
|
| Domain
|
སྒྲ་རིག་པ།
|
བོད་ཡིག་གི་གཅེས་པ་བརྒྱད་ (2)
| Part of speech
|
མིང་ཚིག
|
| Definition
|
སྣག་ལམ་ཟླུམ་ལ་སྒྲོས་ཆགས་གཅེས། གཅིག་པུར་སྐྱེས་ལ་དཔུང་ཐང་གཅེས། གདགས་པ་ཅན་ལ་ཟུར་ཐིག་གཅེས། སྟོད་ཕུབས་ཅན་ལ་ཕོ་བ་གཅེས། སྨད་ཕུབས་ཅན་ལ་ཁོང་འདྲེན་གཅེས། རྐང་པ་རྟར་ཞོན་ཕྱི་འབྲང་གཅེས། ཡར་ཕུལ་མཐར་རྒྱས་སྒྲོས་གནོན་གཅེས། མིག་ཅན་དག་ལ་རྐེ་གཙང་གཅེས་པའོ། །
|