46787
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཕྲ་ལ་སྙུང་རིལ་འདྲ་བར་ཨ་ར་འདྲ་བའི་རྩ་ཕྲན་ཐར་ཐོར་ཡོད་པ་དང༌། སྡོང་པོ་ཕྲ་ཞིང་རིལ་བའི་ཁ་དོག་ལྗང་ནག་ལ་སྨན་ཆ་སྨུག་ཅིང་ཡལ་ག་མང་བ། ལོ་མ་སྔོ་ལྗང་ནག་ཉམས་ཅན་མཐུག་པ་མདུང་རྩེའི་དབྱིབས་ལོ་མ་ཆེ་བ་གཅིག་དང་ཆུང་བ་གསུམ་རེ་ཙམ་རེས་མོས་སུ་སྐྱེ་བ། རྒྱབ་སྐྱ་ཞིང་མཐའ་མཉམ་པར་ཕྱེ་མའམ་ཟིལ་པ་ལྟ་བུས་ཁྱབ་པ། མེ་ཏོག་དམར་སྐྱ་ཆུང་ཞིང་འདབ་མ་ལྔ་ལྡན་མདངས་མི་གསལ་བ་སྡོང་པོ་དང་ཡལ་གའི་རྩེར་བང་རིམ་དུ་འཆར་ཞིང༌། འབྲས་བུ་ལྗང་ལ་ཞིབ་པ་ཟ་འབྲུམ་འདྲ་བ་སྨིན་ཚེ་ཕྱི་པགས་དམར་པོའི་ནང་ནས་ས་བོན་དཀར་པོ་ཆུང་ལ་མང་བ་ཡོད་པ་སྟེ། རང་ལྗོངས་ཀྱི་ས་གནས་ཕལ་ཆེ་བའི་ཞིང་གི་མུ་དང༌། ཚལ་ཞིང༌། ས་རྒོད། གྲམ་ཐང་སོགས་སུ་སྐྱེ་བ། ལོ་མ་དང་འབྲས་བུ་བོད་ཟླ་བདུན་པའི་ནང་བཏུས་ཏེ་གཙང་མ་བཟོས་རྗེས་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་ཞིང་ཚ་བ། ཞུ་རྗེས་མངར་བ། ནུས་པ་དྲོ་ལ་སྣུམ་པས་རྔུལ་ནག་འདྲེན་པ་དང༌། རླུང་ཚད་ལྡན་པའི་ནད་སེལ་བ། རྨ་གསོ་ཞིང་མདེའུ་འབྱིན་པར་བྱེད་པ་ཡིན། |
| Domain | གསོ་རིག |