4679

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲིད་ཆེན་བརྒྱད་དྲུག་ (1)
Part of speech མིང་ཚིག
Definition སྔགས། སྨད་རྒྱུད་ཁྲིད་ཆེན་བརྒྱད་དང་སྲད་རྒྱུད་ཁྲིད་ཆེན་དྲུག ཡོངས་ཀྱི་བཤེས་གཉེན་ཆེན་པོ་རྒྱུད་སྨད་མཁན་རིན་པོ་ཆེ་སེར་བྱེས་བཀྲ་ཤིས་ཚེ་རིང་མཆོག་གིས་སྨད་རྒྱུད་པའི་ཁྲིད་ཁང་དུ་གནང་བའི་ཁྲིད་ཆེན་བརྒྱད་ནི། འཇིགས་བྱེད་ཀྱི་རྫོགས་རིམ་རྣལ་འབྱོར་བཞི་རིམ། གསང་འདུས་འཕགས་ལུགས་དང་ཡེ་ཤེས་ཞབས་ལུགས་གཉིས། བདེ་མཆོག་ལི་དྲིལ་གཉིས། དུས་འཁོར་སྦྱོར་དྲུག ནཱ་རོ་ཆོས་དྲུག ཕྱག་རྡོར་འཁོར་ཆེན་བཅས་སོ། །འོན་ཀྱང་ཐུའུ་བཀྭན་གྲུབ་མཐའ་ལས། ཁྲིད་ཆེན་བརྒྱད་དུ་གྲགས་པ་གསང་འདུས་རིམ་ལྔའི་དམར་ཁྲིད། བདེ་མཆོག་ལི་དྲིལ་གྱི་ཁྲིད་གཉིས། རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་བཞི་རིམ། དུས་འཁོར་གྱི་སྦྱོར་དྲུག ཕྱག་རྡོར་འཁོར་ཆེན་གྱི་བྱིན་རླབས་བཞི་ལྡན། ནཱ་རོ་ཆོས་དྲུག འཕོ་ཁྲིད་གསེར་གྱི་སྒོ་འབྱེད་རྣམས་འཆད་པར་མཛད་པ་ལས། བར་སྐབས་ཞིག་ནས་འཁོར་ཆེན་དང་འཕོ་ཁྲིད་གཉིས་བཞག་ནས་ཁྲིད་ཆེན་གཞན་དྲུག་འཆད་པས། ཕྱིས་སུ་སྲད་རྒྱུད་ལུགས་ཀྱི་ཁྲིད་ཆེན་དྲུག་དང་། སྨད་རྒྱུད་ལུགས་ཀྱི་ཁྲིད་ཆེན་བརྒྱད་ཅེས་གྲགས་སོ། །ཞེས་འབྱུང་ངོ་། །
Domain ཆོས་ལུགས།