46791

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བོན་ (1)
Part of speech མིང་ཚིག
Definition བོད་དུ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་གི་གནའ་རབས་ཆོས་ལུགས་ཤིག་ཡིན། བོན་གྱི་ལོ་རྒྱུས་སྐོར་སངས་རྒྱས་ཆོས་ལུགས་པའི་མཁས་པ་རྣམས་ཀྱིས་མཛད་པ་དང་བོན་རང་ཉིད་ཀྱི་མཁས་པས་མཛད་པ་བཅས་སྣ་ཚོགས་ཤིག་འདུག་པ་བཤད་ཚུལ་མི་མཐུན་པ་ཡོད། བོན་རང་ཉིད་ཀྱི་བཤད་ཚུལ་ལྟར་ན་བོན་ལ་ཡང་བསྟན་པ་སྔ་དར་བར་དར་ཕྱི་དར་གསུམ་ཡོད་པ་དང༌། དེ་ལ་ཡང་བོན་གསར་མ་དང་རྙིང་མ་ཟེར་བའི་བཤད་ཚུལ་མི་འདྲ་བ་ཡོད། བོན་དཀར་ནག་ཁྲ་གསུམ་ཟེར་བའི་བཤད་ཚུལ་དང༌། བརྡོལ་བོན་དང༌། འཁྱར་བོན། བསྒྱུར་བོན་བཅས་ཀྱི་བཤད་ཚུལ་ནི་སངས་རྒྱས་ཆོས་ལུགས་པས་བོན་གྱི་ལོ་རྒྱུས་འཆད་སྐབས་ཀྱི་བཤད་ཚུལ་ཡིན་པས་དེ་འདྲ་བོན་རྣམས་ཀྱིས་ཁས་མི་ལེན། བོན་ཆོས་ཐོག་མ་གསར་གཏོད་མཛད་པ་པོ་སྟོན་པ་གཤེན་རབ་ཡིན།
བོན་ (2)
Part of speech མིང་ཚིག
Definition སྤྱིར་ཤེས་བྱ་ཐམས་ཅད་ལ་འཇུག་པ་སྟེ། བོན་གཞུང་ཀུན་ནས། ཕྱི་བཟུང་བའི་བོན། ནང་འཛིན་པའི་བོན། ཡང་ན་ཕྱི་རོལ་དོན་གྱི་བོན། ནང་ཤེས་པའི་བོན། འཁོར་འདས་ཀྱི་བོན་ཞེས་སོགས་གསུངས་པས་སྟོན།
བོན་ (3)
Part of speech མིང་ཚིག
Definition བཤད་པ།
བོན་ (4)
Part of speech མིང་ཚིག
Definition བཟླ་བ།
བོན་ (5)
Part of speech མིང་ཚིག
Definition གསན་པ།
བོན་ (6)
Part of speech མིང་ཚིག
Definition དར་བ།
བོན་ (7)
Part of speech མིང་ཚིག
Definition བསྟན་པ་ལ་སོགས་བྱ་བའི་དོན་ཅན་ཤིན་ཏུ་མང་པོར་འཇུག་ཏུ་ཡོད་པ་ནི་བོན་གཞུང་དང་ཡིག་རྙིང་སོགས་ལ་དཔྱད་ན་ཤེས།
བོན་ (8)
Part of speech མིང་ཚིག
Definition བོན་ནི་མི་གཡོ་སྐྱོབས་པའི་སྒྲ། ཞེས་གསུངས་པ་ལྟར། བྱེད་ལས་ཀྱི་དབང་དུ་བྱས་ན་ཐེག་པ་ཆེ་ཆུང་གི་སྒོ་དང་བསྟུན་པའི་གནས་སྐབས་གཙོ་བོར་བླང་འདོར་གྱི་གནས་དང་མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྟོན་པ་ལས་མི་འཆུགས་པའམ་དེ་ལས་མི་གཡོ་བ་སྟེ། སྡེ་སྣོད་མཐའ་དག་གི་དགོངས་པ་གཅིག་ཏུ་སྟོན་པ་དང་། སྐྱོབས་པ་ནི་འགྲོ་བ་རྣམས་གནས་སྐབས་དང་མཐར་ཐུག་གི་འཇིགས་པ་ལས་སྐྱོབས་པ་སྟེ། དེ་ཡང་ཐེག་པའི་དབང་དུ་བྱས་ན། ཕྱིའི་ཐེག་པ་དམན་པའི་བོན་གྱིས་ནི། ལུང་མ་བསྟན་པ་དང་མི་དགེ་བ་དང་ཕྱི་རོལ་གྱི་ལོག་ལྟ་ལ་སོགས་སྤོང་བར་བྱེད་ནས་ངན་འགྲོ་ལས་སྐྱོབ་པ་དང་། ཕྱིའི་ཐེག་པ་ཆེན་པོའི་བོན་རྣམས་ཀྱིས་ཀྱང་ཐེག་དམན་གྱི་ལྟ་སྤྱོད་དང་ཞི་མཐའ་བཅས་སྤོང་བར་བྱེད་ནས་དེ་དག་ཏུ་མི་ལྟུང་བར་ཐབས་ཤེས་ཟུང་འཇུག་གིས་སྐྱོབ་པ་དང་། ནང་གསང་སྔགས་ཀྱི་ཐེག་པ་ཆེན་པོའི་བོན་གྱིས་ཐབས་མི་མཁས་པ་ཕྱི་མཚན་ཉིད་ཀྱིས་བསྐལ་པར་སྒྲུབ་པའི་འབད་རྩོལ་ལས་ཀྱང་སྐྱོབ་པ་སྟེ། དེ་ཡང་སྐྱེ་བ་གཅིག་གིས་བླ་མེད་སྒྲུབ་པར་ནུས་པའི་ཐབས་ཚང་ལ་མ་ནོར་བའོ། །དེ་ཡང་ཡིན་ཏེ། བློ་དམན་རྣམས་དང་མ་འབྲེལ་མཚམས་ཆོད་པ། བློ་རབ་དོན་ལ་འཇུག་ཕྱིར་བཀའ་སྩལ་འཚལ། ཞེས་དང་། སྐྱེ་བ་གཅིག་གིས་བླ་མེད་བསྒྲུབ་པ་འདི། རིག་པ་ཅན་གྱི་སྨན་ཏེ། རྨོངས་པ་ཅན་གྱི་དུག་ཏུ་འགྱུར། ཞེས་གསུངས་པས་ངེས་སོ། །
བོན་ (9)
Part of speech མིང་ཚིག
Definition བརྗོད་དོན་ཡུལ་གྱི་དབང་དུ་བྱས་ན། ལུང་རྟོགས་གཉིས་ཀྱིས་བསྡུས་པ་ལ་འཇུག་སྟེ། སྟོན་པས་བོན་ཐེག་པ་རིམ་དགུ་དང་། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ། བརྒྱད་ཁྲི་བཞི་སྟོང་ལ་སོགས་གསུངས་ཞེས་པས་ངེས་སོ། །དེ་ལྟར་གསུང་རབ་ཀྱི་བོན་སྡེའི་རྣམ་གྲངས་ལ་ཇི་ཙམ་ཡོད་ཅེ་ན། དེ་དག་སྤྱིར་བཞུགས་ཚུལ་ནི་ཚིག་གིས་བརྗོད་པ་བྱེ་མའི་ལ་ཙམ་ཡོད་ཅེས་དང་། སངས་པོ་འབུམ་ཁྲི་སྟོན་པ་གཤེན་རབ་ཀྱིས། སེམས་ཅན་བཀྲིད་ཕྱིར་ཁྲི་དང་འབུམ་དུ་བྲིས། ཞེས་གསུངས་པ་ལྟར་ཡིན་མོད། འོན་ཀྱང་བསྟན་པ་འདི་ཉིད་ཤིན་ཏུ་ཕུགས་ཐག་རིང་ཞིང་དུས་འགྱུར་གྱི་གཉན་འཕྲང་དུ་མའི་ཁྲོད་ནས་བརྒྱུད་ཡོང་སྟབས་ད་ལྟར་བསོད་རྣམས་ཀྱི་བགོ་སྐལ་དུ་འགྱུར་བཞིན་པ་ལ་གསུང་རབ་གླེགས་བམ་བརྒྱ་ཕྲག་འགའ་ཙམ་བཞུགས་བཞིན་པ་ལགས་སོ། །