46796

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བོན་གྱི་ཐེག་པ་རིམ་པ་དགུ་ (1)
Part of speech མིང་ཚིག
Definition མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་བཅུ་གསུམ་བོད་གངས་ཅན་གྱི་གྲུབ་མཐའ་སྤྱི་ལས་བྱུང་བ་སྟེ། བྱ་གཤེན་ཐེག་པ། སྣང་གཤེན་ཐེག་པ་ནི། སྣང་གཤེན་གྱེར་སྒོ་བཞི་ས་འཇུག་པའི་བསྟན་པ་རྒྱལ་ཁྲིམས་སྣར་བས་བཅུགས། འཕྲུལ་གཤེན་ཐེག་པ་ནི། འཕྲུལ་གཤེན་སྐུ་འཕྲུལ་བཅུ་གསུམ་དང་ཐབས་ཆེན་དྲུག་པ་སྦས་གསལ་རྔམ་པས་བཅུགས། སྲིད་གཤེན་ཐེག་པ་ནི། སྲིན་གཤེན་ཤི་ཐབས་སུམ་བརྒྱ་དྲུག་ཅུ་འདུར་སྒོ་བཞིའི་བསྟན་པ་འདུར་གསས་སྦས་པོས་བཅུགས། དགེ་གཤེན་ཐེག་པ་ནི། དགེ་གཤེན་དགའ་བ་བཞི་དག་པ་གཉིས་གཉན་པོ་གསུམ་གྱི་བསྟན་པ་ཡེ་མཁྱེན་འཕྲུལ་རྒྱལ་གྱིས་བཅུགས། དྲང་སྲོང་ཐེག་པ་ནི། དྲང་སྲོང་སྤང་བས་བཅུ་དང་མཚོན་པ་གཉིས་སྦྱངས་པ་གཉིས་སྒྲུབ་པ་གསུམ་གྱི་བསྟན་པ་གཡུང་དྲུང་ཆ་ཡི་རྒྱལ་པོས་བཅུགས། ཨ་དཀར་ཐེག་པ་ནི། ཨ་དཀར་སྒྲུབ་པ་འི་ཡན་ལག་བཅོ་བརྒྱད་གཉེན་པོའི་སྒོ་དགུའི་བསྟན་པ་གསང་བ་འདུས་པས་བཅུགས། ཡེ་གཤེན་ཐེག་པ་ནི། ཡེ་གཤེན་འཇུག་པ་རྣམ་བཞི་ཏིང་འཛིན་ཡན་ལག་དྲུག་ཅུ་རྟགས་བཅུ་དྲུག་གི་བསྟན་པ་ཡེ་དབང་རྒྱལ་པོས་བཅུགས། ཁྱད་པར་ཆེན་པོ་ནི། ཁྱད་པར་ཆེན་པོ་ལྷ་གསུམ་དོན་དམ་གཅིག་པའི་བསྟན་པ་ཚད་མེད་འོད་ཀྱིས་བཅུགས་སོ། །གཤེན་པོ་ཚད་མེད་འོད་ལྡན་གྱིས་ནམ་མཁའི་དབྱིངས་སུ་དཀའ་བ་སྤྱོད་ཅིང་བསྒོམས་པས་ཕུང་པོ་ལྷག་མེད་དུ་གྲོལ་བ་དང་། འཕྲུལ་གཤེན་སྣང་ལྡན་གྱིས་རི་རབ་ཟོམ་ནས་དཀའ་བ་སྤྱོད་ཅིང་བསྒོམས་པས་ཡབ་ཡུམ་འཁོར་བཅས་ཕུང་པོ་ལྷག་མེད་དུ་གྲོལ་ལོ། །
Domain ཆོས་ལུགས།