46798
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། དེ་ཡང་འདུ་གནས་སོ་བདུན་ཞེས་ཀྱང་བྱ་སྟེ། བོན་གྱི་སྤྱན་ལྡན་ཆེན་པོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་(འཁྲུངས་འདས་ནི་ཕྱི་ལོ་1198-1264)གྱི་མཛོད་འགྲེལ་ལས། འདུ་གནས་སོ་བདུན་ནི་དབུ་རི་བཅུ་གསུམ་ལས། ངན་ལམ་རལ་གསུམ། འདམ་ཤོད་སྣར་མོ། འཕན་ཡུལ་དྲབ་དཀར། མལ་དྲོ་བ་རབ། ཆུན་གྱི་བྲག་དམར། ཧས་པོ་རི་ཐང་། ལྷ་ས་ཡེར་པ། གནམ་གྱི་རེ་གདང་། གནམ་མཚོའི་དོ་རིངས། སྡོད་རོ་ལུང་གསུམ། ཀྱི་ཤོད་ལུང་ནག། རེ་རྒྱང་ཤར་མཐའ་དང་། མཆོག་གང་རྒྱ་མོ་ཐང་དང་བཅུ་གསུམ་མོ། །གཡོན་རུའི་འདུ་བདུན་ནི། འོལ་ཁ་ཤུགས་གཅིག ཉུང་ཡུལ་ཤིང་ནག དབྱེ་ལུང་གང་སར། རྐོང་ཡུལ་བྲེ་སྣ། ཡར་ལུང་སོག་ཁ། གླུམ་ཤོད་ཐང་དམར། མལ་དྲོ་མཚོ་ཤོད་དང་བདུན་ནོ། །གཡས་རུ་ན་བརྒྱད་ནི། འུ་ཡུགས་ས་ནག་མོ། ཤངས་ཞོང་ཚལ། བྲུད་ཀྱི་མཁར་སྡོང་། རྟ་ནག་ཀྱང་ཕུ། འཇད་ཀྱི་སྐྱང་མཁར། སྟ་བུ་སྒྲོན་ལྷས། རྩང་གི་གྱེར་ཕུག ཟང་ཟང་ལྷ་བྲག་དང་བརྒྱད་དོ། །རུ་ལག་གི་རྒུ་ནི། ཉང་སྟོད་སྟག་ཚལ། ཆུ་འགོ་རྡོ་རིང། མཁར་ཆེན་བྲག་དཀར། མཚོ་རྔ་དྲེའུ་ཆུ། གཉན་ཙེ་ཐང་ཤོད། གྲོམ་པ་ཁའུ། ར་ཟ་ཐང་ཟླུམ། མང་མཁར་མདོ་ཕུག ལྷ་ཡུལ་གུང་ཐང་བོན་གྱི་འདུ་གནས་སོ། །དེ་དག་ས་རྟགས་དང་མཆོད་རྟེན་དང་དུར་འཆད་སུམ་ཅུ་རྩ་བདུན་ཡོད་དོ། །ཞེས་སོ། ། |
| Domain | ཆོས་ལུགས། |