46800

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བོན་གྱི་སྡེ་གསུམ་ (1)
Part of speech མིང་ཚིག
Definition བོན། རྣམ་དཀར་བོན་གྱི་སྡེ་ཚན་ལ་དཀའ་བཅད་ཀྱི་སྡེ་དང་། སླ་འགྱུར་གྱི་སྡེ། གཉིས་ཀ་མ་ཡིན་པའི་སྡེ་དང་གསུམ་དུ་དབྱེ་སྡེ། མདོ་གཟེར་མིག་ལས། བོན་གྱི་སྡེ་གསུམ་ནི་དཀའ་བཅད་ཀྱི་སྡེ་དང་གཅིག སླ་འགྱུར་གྱི་སྡེ་དང་གཉིས། གཉིས་ཀ་མ་ཡིན་པའི་སྡེ་དང་གསུམ། ཞེས་སོ། །དཀའ་བཅད་ནི། མན་ངག་ལུང་གི་བོན་སྐོར་རྣམས་ཡིན་ནོ། །སླ་འགྱུར་ནི། སྲིད་པ་རྒྱུད་ཀྱི་བོན་སྐོར་རྣམས་ཡིན་ནོ། །གཉིས་ཀ་མ་ཡིན་ནི། འཕན་ཡུལ་འདོན་མཆོད་དང། ཆབ་དཀར་བསྙེན་སྒྲུབ་ཀྱི་བོན་སྐོར་རྣམས་ཡིན་ནོ། །
Domain ཆོས་ལུགས།